31172

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དྭགས་པོ་བམ་ཆོས་རིན་པོ་ཆེ་ཐུབ་བསྟན་ལྷུན་འགྲུབ་ཆོས་ཀྱི་ཉི་མ་ (1)
Part of speech མིང་ཚིག
Definition ཡབ་ཚེ་རིང་དོན་འགྲུབ་དང་ཡུམ་སྒྲོལ་མ་ཚེ་རིང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་སྤྲེལ་ལོ་ཕྱི་ལོ་ ༡༩༣༢ བོད་ཟླ་བཅུ་གཉིས་པའི་ཚེས་སུམ་བཅུ་ལ་ཀོང་སྟོད་གླང་མདུན་དུ་སྐུ་འཁྲུངས། རྒྱལ་ཆེན་ཀརྨ་ཕྲིན་ལས་ཀྱིས་ལུང་བསྟན། རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་དྭགས་བླ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། དགོང་ལོ་དགུའི་སྟེང་ལྷ་སར་ཕེབས། ཕུར་ལྕོག་ཡོངས་འཛིན་མཆོག་སྤྲུལ་རིན་པོ་ཆེའི་མདུན་ནས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་མནོས། ཕ་བོང་ཁ་བདེ་ཆེན་སྙིང་བོའི་མདུན་ནས་གསུང་ཆོས་ཞུས། ཤིང་བྱ་ཕྱི་ལོ་ ༡༩༤༥ དྭགས་པོ་དགའ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་དུ་ཚོགས་ཞུགས་དང་དེར་འཛིན་གྲྭ་རིམ་བཞིན་སློབ་གཉེར་གནང་། ཕྱི་ལོ་༡༩༤༧ ལོར་རྒྱལ་མཆོག་བཅུ་བཞི་པར་མཇལ། ཡོངས་འཛིན་རྣམ་གཉིས་ཀྱི་མདུན་ནས་གསུང་ཆོས་ཡང་ཞུས། ཕྱི་ལོ་ ༡༩༥༤ ལོར་ལྷ་སར་ཕེབས་ཏེ་རྒྱལ་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་སྐབས་ཞལ་མཇལ་ཐོབ། སྒོ་མང་དགེ་བཤེས་ལྷ་རམས་པ་འཇམ་དབྱངས་ཕུན་ཚོགས་ཀྱི་དྲུང་ནས་རྣམ་འགྲེལ་སོགས་དཔེ་ཁྲིད་ཞུས། སྒོ་མང་གྲྭ་ཚང་དུ་ཟུར་ཞུགས་ཀྱིས་སློབ་གཉེར་མཛད། དེ་ཡང་དཔལ་ལྡན་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་ཕྱོགས་སྐོར་༧གོང་ས་མཆོག་ལ་དགོངས་སྐོར་ཞུས་པ་དང་། དགེ་རྒན་སུ་བསྟེན་སྐོར། སྐྱབས་རྗེ་རྡོ་རྗེ་འཆང་ཆེན་པོས་དགེ་བཤེས་གསུམ་གྱི་མཚན་བཀོད་པའི་ཤོག་ལྷེ་གསུམ་དང་བཀའ་སློབ་བསྩལ་དོན་བཞིན་ཇོ་བོ་རིན་པོ་ཆེར་ཟན་བརྟག་ཕུལ་བར་མདོ་སྔགས་གཞུང་བརྒྱ་སྨྲ་བའི་རྒན་ངག་དབང་ཉི་མའི་མཚན་ཐོན་པ་བཞིན་དགེ་རྒན་དུ་བསྟེན་ནས་གསེར་ཕྲེང་དང་ཐར་ལམ་གསལ་བྱེད་སོགས་དཔེ་ཁྲིད་ཞུས། ས་མོ་ཕག་ཕྱི་ལོ་ ༡༩༥༩ རྒྱ་གར་དུ་བཙན་བྱོལ་དུ་ཕེབས། ས་མ་རི་དང་། ཚ་གཡོལ་དུ་ཀ་སྤུག་ལ་ཕེབས། མ་སུ་རིར་རྒྱལ་མཆོག་དང་མཇལ། མ་འོངས་མངོན་གཟིགས་ཀྱི་བཀའ་སློབ་མང་དུ་སྩལ། ཕྱི་ལོ་ ༡༩༦༠ ལོར་ཕ་རན་སིར་ཕེབས། བོད་བསྟན་སྲིད་ལ་སྨན་པའི་ཕྱག་ལས་མང་དུ་གནང་བཞིན་བཞུགས་པ་བཅས་སོ། །