31209
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དྭངས་སྤྲུལ་སྐུ་ཕྲེང་དྲུག་པ་ངག་དབང་ཆོས་ཀྱི་རྒྱ་མཚོ་མཆོག་ནི། ཡར་འབྲོག་སྤང་ལུང་དུ་སྐུ་འཁྲུངས། དགུང་ལོ་བདུན་ལ་ཕེབས་སྐབས། ཡང་སྲིད་ཀྱི་ཁྲི་གསོལ་ཞུས་ཏེ་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས་པ་མཛད། མི་རིང་བར་སྡིངས་པོ་ཆེའི་ཅོག་གྲྭ་བདུན་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་སྤྱན་སྔར། འབྲུག་ལུགས་ཀྱི་དབང་ལུང་ཁྲིད་གསུམ་རྫོགས་པར་ཞུས། དགུང་ལོ་སུམ་ཅུ་སོ་བཞི་ལ་ཕེབས་སྐབས། དགོན་པ་སླར་གསོ་མཛད་པ་དང་། ནང་རྟེན་སྐུ་རྒྱུ་གསེར་ལས་གྲུབ་པའི་རྗེ་བཙུན་སྒྲོལ་མའི་སྐུ་འདྲ་མཐོ་གང་ལྷག་ཙམ་དང་། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་འདྲ་བཅས་བཞེངས་གནང་མཛད། རྗེ་འདི་ནི་གཞན་སེམས་ཤེས་པའི་མངོན་ཤེས་ལ་མངའ་དབང་བསྒྱུར་བས། མངོན་ཤེས་གསུངས་པ་དང་གཞན་ལོག་ལྟ་ཅན་གྱི་སྐྱེ་བོ་མང་པོ་ངོ་ཐུག་ར་སྤྲོད་གནང་བ་སོགས་མང་ཡང་འདིར་རྒྱས་པར་མི་སྤྲོ། རྗེ་འདི་ཉིད་ཀྱི་སྐབས་དྭངས་ལུང་བསམ་གཏན་ཐེག་མཆོག་གླིང་འདི་ཉིད་ཀྱང་། རང་ཐག་རང་གིས་གཅོད་པའི་དབང་ཆ་ཡོད། མཐར་དགུང་ལོ་བཞི་བཅུ་ཞེ་དགུར་དགོངས་པ་རྫོགས། |