31211

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དྭངས་སྤྲུལ་སྐུ་ཕྲེང་བཞི་པ་དགེ་འདུན་ཆོས་ཀྱི་རྒྱ་མཚོ་ (1)
Part of speech མིང་ཚིག
Definition འབྲུག་དྭངས་སྤྲུལ་སྐུ་ཕྲེང་བཞི་པ་དགེ་འདུན་ཆོས་ཀྱི་རྒྱ་མཚོ་མཆོག་ནི། ཡར་འབྲོག་མེ་རྡོར། ངོ་མཚར་བའི་རྟགས་དང་བཅས་ཏེ་སྐུ་འཁྲུངས། དགུང་ལོ་བདུན་ལ་ཕེབས་སྐབས་གདན་སར་ཁྲི་གསོལ་ཞུས། ཡི་གེ་འབྲི་ཀློག་སོགས་ཐུན་མོང་གི་རིག་གནས་ཁག་ལ་སྦྱངས་པ་མཛད། མི་རིང་བར་སྡིངས་ཆེ་དགོན་དུ་ཅོག་གྲྭ་ལྔ་པ་བསྟན་པའི་ཉི་མའི་དྲུང་ནས། ཐུན་མིན་གྱི་རིག་གནས་མཐའ་དག་ལ་གསན་བསམ་མཐར་ཕྱིན་པ་མཛད་པ་དང་སྦྲགས། འབྲུག་ལུགས་ཀྱི་དབང་ལུང་རྫོགས་པར་ཞུས། བུ་སློབ་རྣམས་ལ་དབང་དང་གདམས་པ་རྫོགས་པར་གནང་། སྒྲུབ་པ་ཉམས་ལེན་ལ་གཙོ་བོར་མཛད། ཞོར་དུ་ནང་རྟེན་རྒྱལ་བ་དཔག་བསམ་དབང་པོའི་སྐུ་བརྙན་དང་། སྟོན་པའི་སྐུ་བརྙན། ངག་དབང་སྙན་གྲགས་དཔལ་བཟང་པོའི་སྐུ་བརྙན་སོགས་མང་པོ་གསར་བཞེངས་མཛད། མཐར་དགུང་ལོ་དོན་དྲུག་ལ་ཕེབས་སྐབས་རང་དགོན་དུ་དགོངས་པ་རྫོགས་པ་བཅས་སོ། །