31409

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:23, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དྲང་ངེས་ (1)
Part of speech མིང་ཚིག
Definition དྲང་དོན་དང་ངེས་དོན་གཉིས་ཏེ། དྲང་དོན་ནི། ཆོས་ཅན་སྣང་ཚོད་ཐུན་མོང་དུ་གྲགས་པ་གཙོར་བྱས་པ་གང་ཟག་དང་། སེམས་ཅན་དང་། ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་དང་། དེ་དག་གི་སྐྱེ་འགག་འགྲོ་འོང་ལ་སོགས་པ་གཤིས་ལ་འཇུག་པའི་ཐབས་སུ་སྨྲ་བསམ་བརྗོད་པའི་རིམ་པས་གཞལ་ཞིང་། སྒྲོ་བཏགས་ནས་བསྟན་པ་དང་། དེ་རྗོད་བྱེད་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའང་ཀུན་རྫོབ་དྲང་པའི་དོན་ཞེས་བྱའོ། །ངེས་དོན་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང་སྐྱེ་འགག་སོགས་སྤྲོས་པ་དང་བྲལ་བའི་དོན་ཟབ་མོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ་རྣམ་པར་ཐར་པའི་སྒོ་གསུམ་མམ། མཐོན་པར་འདུ་མི་བྱེད་པ་དང་བཅས་པའི་སྒོ་བཞི་བསྡུས་པ་ཐམས་ཅད། དངོས་པོ་གཤིས་ཀྱི་གནས་ལུགས་རང་བཞིན་གྱི་འོད་གསལ་ཞིང་སྨྲ་བསམ་བརྗོད་པ་ཐམས་ཅད་ལས་འདས་པའི་དོན་སྟོན་པ་རྣམས་དང་། དེ་སྟོན་བྱེད་གསུང་རབ་དགོངས་འགྲེལ་དང་བཅས་པའང་དོན་དམ་དང་ངེས་པའི་དོན་ཞེས་བྱའོ། །
Domain ཆོས་ལུགས།