31410
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཇོ་ནང་། དབུ་མ་པ། རྒྱལ་བའི་བཀའ་ལ་གནས་སྐབས་དང་མཐར་ཐུག་གི་དྲང་ངེས་བཞེད་ཕྱོགས་ཤིག་སྟེ། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་ཚུལ་གཉིས་རྣམ་འབྱེད་ཀྱི་དབུ་མ་ལས། རང་སྟོང་སྨྲ་བ་རྣམས་ནི། བཀའ་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་ནི་དྲང་དོན་དང་། བར་བ་མཚན་ཉིད་མེད་པའི་ཆོས་འཁོར་ནི་ངེས་དོན་མཐར་ཐུག ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གནས་སྐབས་ཀྱི་ངེས་དོན་དེ་དྲང་དོན་ཡིན་པར་བཞེད་ལ། གཞན་སྟོང་སྨྲ་བ་རྣམས་ནི་དང་པོ་དྲང་དོན་དང་། བར་བ་གནས་སྐབས་ཀྱི་ངེས་དོན། ཐ་མ་མཐར་ཐུག་གི་ངེས་དོན་སྟོན་པར་བཞེད། ཅེས་དང་། གཞན་སྟོང་སྨྲ་བ་རྣམས་ནི་འཁོར་ལོ་རིམ་པ་གསུམ་པོ་འདི་ཡང་དུས་ཐོག་མཐའ་ནི་མ་ཡིན་ཏེ། འཁོར་ལོ་ཐ་མའི་མདོ་ཕལ་པོ་ཆེའི་ལེའུ་ཤས་ཆེ་བ་ཞིག་བདེན་བཞིའི་ཆོས་འཁོར་བསྐོར་བའི་སྔོན་རྡོ་རྗེ་གདན་དུ་སངས་རྒྱས་མ་ཐག་ཏུ་ལྷའི་རྒྱལ་པ་དབང་སྒྱུར་གྱི་གནས་སུ་གསུངས་པ་ཡང་ཡོད་ལ། མདོ་སྡེ་མྱང་འདས་ལྟ་བུ་མྱ་ངན་ལས་འདའ་ཁར་གསུངས་པ་ཡོད། དེ་བཞིན་དུ་མི་རྟག་པ་ཉིད་ཀྱི་མདོ་ལ་སོགས་པ་འཁོར་ལོ་དང་པོའི་མདོ་ལ་མྱ་ངན་ལས་འདའ་ཁར་གསུངས་པ་ཡང་ཡོད་པས་སོ། །དེས་ན་འདི་ནི་བརྗོད་བྱའི་དོན་གྱི་གོ་རིམ་མམ། གདུལ་བྱའི་རྒྱུད་སྦྱོང་ཚུལ་གྱི་རིམ་པ་གསུམ་ཡིན་པས། དེ་ལྟ་བུ་རིམ་པ་ཐ་མ་ཡིན་པའི་ཕྱིར། འཁོར་ལོ་ཐ་མ་ངེས་དོན་དུ་གྲུབ་སྟེ། བརྗོད་བྱའི་དོན་གྱི་མཐར་ཐུག་དྲང་དོན་ཡིན་པ་མི་རུང་ཞིང་། གདུལ་བྱ་ངེས་དོན་ལ་ཁྲིད་ཟིན་པའི་འོག་ཏུ་སླར་ཡང་དྲང་དོན་ལ་ཁྲིད་པ་མི་རུང་བའི་ཕྱིར། ཞེས་གསུངས། |
| Domain | ལྟ་གྲུབ། |