From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དྲང་སྲོང་ཆེན་པོ་ (1)
| Part of speech
|
མིང་ཚིག
|
| Definition
|
༡དྲང་སྲོང་ཆེན་པོ་ནི་སྟོན་པ་བཅོམ་ལྡན་འདས་ཏེ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། དྲང་སྲོང་ནི་སྤྱིར་རིག་པ་༼རིགས་པ་༽སྒྲུབ་པ་རྣམས་ལ་བྱ། དྲང་སྲོང་ཆེན་པོ་ནི་བཅོམ་ལྡན་འདས་ཏེ། རང་ཡང་དྲང་པོའི་ལམ་དུ་ཞུགས་པ་ལ། གཞན་ཡང་དྲང་པོའི་ལམ་དུ་སྲོང་བའི་ཕྱིར་རོ། །
|
| Domain
|
ཆོས་ལུགས།
|
དྲང་སྲོང་ཆེན་པོ་ (2)
| Part of speech
|
མིང་ཚིག
|
| Definition
|
སངས་རྒྱས་ཀྱི་མཚན། ལུས་ངག་ཡིད་གསུམ་དྲང་པོར་སྲོང་བ་རྣམས་ཀྱི་ནང་ནས་མཆོག་ཡིན་པས་སོ། །
|
| Type
|
མངོན་བརྗོད།
|