31454
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། དེ་ཡང་བཀའ་ལྷོ་ཡི་གཏེར་ལུགས་ཀྱི་ཐེག་དགུ་ལས་འབྲས་ཐེག་ལྔའི་གཉིས་པ་དྲང་སྲོང་ཐེག་པའི་བོན་སྤྱོད་ལ་འཇུག་པའི་དབང་ངམ་གནང་བ་སྦྱིན་ཡུལ་གྱི་སྣོད་ཀྱི་གང་ཟག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། སྙིང་རྗེ་བུ་གཉེན་ཚུལ་དང་ལྡན། ཚད་མེད་བཞི་ཡིས་འགྲོ་དོན་མཛད། ལུས་ངག་ཡིད་གསུམ་དགེ་སེམས་ལྡན། དཀའ་ཐུབ་འཕན་ཡུལ་སྡོམ་དབང་བསྐུར། ཞེས་པས། ཤེས་རབ་ཆེན་པོས་ཁམས་གསུམ་འགྲོ་བ་རྣམས་གཞི་སྙིང་རྗེ་ཆེན་པོའི་ཡུལ་མ་བུ་གཉེན་གྱི་འབྲེལ་ཚུལ་རྟོགས་ཤིང་། ཚད་མེད་རྣམ་བཞིས་རིས་མེད་སེམས་ཅན་གྱི་དོན་མཛད་པར་ནུས་ལ་ལུས་ངག་ཡིད་གསུམ་དགེ་སྤྱོད་དཀའ་སྤྱད་ཀྱི་སྒོ་ནས་དྲང་སྲོང་བའི་རྩ་ལག་གི་བསྲུང་བྱའི་སྡོམ་ཁྲིམས་ཀུན་དག་པར་བསྲུང་ནུས་པའི་གང་ཟག་གམ་གཤེན་རབ་ཅིག་ཏུ་བཤད་དོ། ། |
| Domain | ཆོས་ལུགས། |