31468

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:24, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དྲང་སྲོང་རྣལ་འབྱོར་ཀ་ལ་ཡ་ན་ (1)
Part of speech མིང་ཚིག
Definition སྔོན་གྱི་དུས་སུ་བྱུང་བའི་གསང་སྔགས་ལ་ཞུགས་པའི་དྲང་སྲོང་ཞིག་སྟེ། སྔོན་དྲང་སྲོང་རྣལ་འབྱོར་ཆེན་པོ་ཀ་ལ་ཡ་ན་ཞེས་པ་འདི་ཉིད་དྲང་སྲོང་རྣམ་པ་མང་པོའི་སྡེ་ལ་ཐེག་ཆེན་གསང་བའི་ཡོན་ཏན་གྱི་བསྔགས་པ་རྒྱ་ཆེར་བརྗོད་ཅིང་བསྒྲགས་ནས་ངེས་པའི་དོན་གྱི་གནས་ལ་བཀོད་པ་ལས། དྲང་སྲོང་མང་པོ་རིགས་ཆེན་འཛིན་པའི་ས་དམ་པ་ཐོབ་པར་གྱུར་པ་དང་། གསང་སྔགས་ཀྱི་དོན་རང་གིས་རྟོགས་ཤིང་གཞན་སྣོད་ལྡན་ཀུན་ལ་བསྔགས་ཤིང་བརྗོད་པའི་མཐུས་དྲང་སྲོང་ཀ་ལ་ཡ་ན་རང་ཉིད་ཀྱང་གསང་བའི་མངའ་བདག་ཆོས་ཀྱི་རྒྱལ་པོར་གྱུར་པའི་ཚུལ། མདོ་དགོངས་པ་འདུས་པར་གསང་སྔགས་གོ་ནས་གཞན་ལ་བཤད་པའི་ཡོན་ཏན་གྱི་གཏམ་རྒྱུད་དུ་གསལ་བ་ལྟར་རོ། །