31489

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:24, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དྲན་པ་ (1)
Part of speech མིང་ཚིག
Definition འདས་དོན་སེམས་ལ་ཤར་བའི་དོན་གྱི་བྱ་མིང།
Example བྱིས་དུས་ཀྱི་རྩེ་དགའ་དྲན་པ། གཞོན་དུས་ཀྱི་འཚོ་བ་དྲན་པ་ལྟ་བུ།
Antonyms བརྗེད་པ།
དྲན་པ་ (2)
Part of speech མིང་ཚིག
Definition གང་ཞིག་ལ་སེམས་ཆགས་པའམ་ཞེ་འཁྲེང་བའི་བྱ་མིང།
Example རྒྱང་རིང་གི་ཕ་མ་དྲན་པ། གྲོང་ཁྱེར་གྱི་དགའ་རོགས་དྲན་པ་ལྟ་བུ།
Antonyms བརྗེད་པ།
དྲན་པ་ (3)
Part of speech མིང་ཚིག
Definition ལས་དོན་གང་ཞིག་སེམས་ལ་ཤར་བའི་བྱ་མིང།
Example ལས་ཀ་ཞིག་སེམས་ལ་དྲན་པ། འགྲོ་རྒྱུ་སེམས་ལ་དྲན་པ་ལྟ་བུ།
Antonyms བརྗེད་པ།
དྲན་པ་ (4)
Part of speech མིང་ཚིག
Definition སེམས་བྱུང་ང་གཅིག་གི་ཡ་གྱལ་ཡུལ་ངེས་ལྔའི་ནང་གསེས་ཤིག་སྟེ། སྔར་འདྲིས་པའི་དངོས་པོ་ལ་དམིགས་ནས་མི་བརྗེད་པའི་ཤེས་པ་ཞིག་སྟེ། བརྗེད་ངེས་ཀྱི་གཉེན་པོ་སེམས་མི་གཡེང་བའི་བྱེད་ལས་ཅན་ཞིག
Domain ཆོས་ལུགས།
དྲན་པ་ (1)
Part of speech མཚུངས་ཚིག
Definition མཚུངས་པ་གསལ་བྱེད་ཀྱི་སྒྲ་རྩ་བའི་གཞུང་ཚིག་གིས་མ་ཟིན་པ་བཅུ་གཅིག་གི་ནང་གསེས་དྲུག་པ་སྟེ། མཚུངས་པའམ་འདྲ་བའི་དོན།
Example རྒྱལ་དབང་ལྔ་པས། སྐྱེ་བ་ལྔ་བའི་རི་མོ་ཡིས། །གང་གི་མགྲིན་པ་གསལ་བར་དྲན། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག