31503

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:24, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དྲན་པ་ཉེ་བར་བཞག་པ་སྒོམ་པའི་སྦྱོང་བའི་ཆོས་གཉིས་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ མི་རྟག་པའི་རྣམ་པ་ནི། ཀྱེ་མ་ལུས་འདི་ནི་མི་རྟག་པའི་རྣམ་པ་སྟེ། རིང་པོར་མི་གནས་པ། ཐ་མར་འཆི་བ་ཡིན་པར་ཤེས་ནས། ལུས་ཀྱི་ཕྱིར་མི་མཐུན་པའི་འཚོ་བ་མི་སྤྱོད་ཅིང་སྙིང་པོ་ཉིད་ལེན་ཏོ། །དེ་སྙིང་པོ་གསུམ་ཡིན་ཏེ། ལུས་ཀྱི་སྙིང་པོ། ལོངས་སྤྱོད་ཀྱི་སྙིང་པོ། འཚོ་བའི་སྙིང་པོའོ། ། ༢ རྟག་པའི་རྣམ་པ་ནི། གང་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔའ་དགེ་བ་དང་ལྡན་པའི་སེམས་ཀྱི་སྤྱོད་པའི་ཡེ་ཤེས་སྐྱེས་ཤིང་བྱུང་བ་དེ་དག་སངས་རྒྱས་ཀྱི་རིགས་མི་འཆད་པ་དང་། ཆོས་ཀྱི་རིགས་མི་འཆད་པ་དང་། དགེ་འདུན་གྱི་རིགས་མི་འཆད་པ་དང་། སེམས་ཅན་གྱི་ཁམས་མཐའ་དག་ཡོངས་སུ་བསྐྱབ་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ལ་བཏང་བ། སེམས་ཅན་ཐམས་ཅད་ཐུན་མོང་དུ་བྱེད་པ་འདི་ནི་རྟག་པའི་རྣམ་པ་ཞེས་བྱ་བའོ། །
Domain ཆོས་ལུགས།