From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དྲན་པ་ཉེར་བཞག་རྣམ་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རང་རྒྱུད་པ། སངས་རྒྱས་ཀྱིས་གདུལ་བྱ་ལ་ཆོས་སྟོན་པའི་ཚེ་གདུལ་བྱའི་བསམ་པ་ལ་ལྟོས་ནས་ཐུགས་ཉེ་རིང་བ་སོགས་མི་མངའ་བའི་མཁྱེན་ཚུལ་རྣམ་པ་གསུམ་ལ་འཇོག་ཅིང། དེའི་ཚུལ་ནི། པཎ་ཆེན་གྱི་ཕར་ཕྱིན་རྩ་ཊཱིཀ་ལས། ཆོས་སྟོན་པ་ན་གུས་པས་ཉན་པར་འདོད་པ་ལ་གོ་རིམ་བཞིན་དུ་རྗེས་སུ་ཆགས་པ་དང༌། གུས་པས་ཉན་པར་མི་འདོད་པ་ལ་ཁོང་ཁྲོ་བ་དང༌། འདོད་མི་འདོད་གཉིས་ཀ་དག་ལ་ཆགས་སྡང་གཉིས་ཀས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་སོ་ཞེས་བྱ་བ་མཐར་ཐུག་པའི་དྲན་པ་ཉེ་བར་བཞག་པ་རྣམ་པ་གསུམ་དང༌། ཞེས་གསུངས།
|
| Domain
|
ཆོས་ལུགས།
|
དྲན་པ་ཉེར་བཞག་རྣམ་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
སྟོན་པ་འཁོར་ཀུན་གུས་པར་ཉན་པ་ལ་རྗེས་ཆགས་དང་། འཁོར་ཀུན་མ་གུས་པར་ཉན་པ་ལ་ཁོང་ཁྲོ་དང་། གུས་མ་གུས་འདྲེས་མ་ལ་དེ་གཉིས་ཀར་མི་འགྱུར་བར་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་པ་སྟེ། དེས་ན་དེའི་ངོ་བོ་ནི་དྲན་པ་དང་ཤེས་བཞིན་གྱི་བདག་ཉིད་ཡིན་ལ་འཁོར་གྱི་བྱེ་བྲག་གིས་གསུམ་དུ་གསུངས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །
|