31634

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:26, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དྲི་བ་ (1)
Part of speech མིང་ཚིག
Definition སྐད་ཆ་འདྲི་བའི་དོན་གྱི་མ་འོངས་པའི་བྱ་མིང་།
དྲི་བ་ (2)
Part of speech མིང་ཚིག
Definition གང་ཞིག་དྲི་བར་བྱ་བའི་ནང་དོན་ནམ་དྲི་ཚིག
Example སྐུ་ཉིད་ལ་དྲི་བ་ཁག་ཅིག་བཏོན་ན་འགྲིག་གམ། གསར་འགོད་པས་དྲི་བ་བཏོན་པར་ནན་ཏན་གྱིས་ལན་བཏབ་ལྟ་བུ།
དྲི་བ་ (3)
Part of speech མིང་ཚིག
Definition རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ་པར་ཕྱེ་བ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཅ་པར་བཞུགས།