31642
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། དྲི་བ་ལུང་མ་བསྟན་བཞི་ཡོད་དེ། མགོ་གཅིག་ཏུ་ལན་གདབ་པར་བྱ་བ། རྣམ་པར་ཕྱེ་ནས་ལན་གདབ་པར་བྱ་བ། དྲིས་ལན་གདབ་པར་བྱ་བ། བཞག་པ་ལན་གདབ་པར་བྱ་བ་རྣམས་སུ་ཡོད་པའི་ཕྱིར། མཚན་གཞི་ཡང་རིམ་པ་བཞིན་དུ་སེམས་ཅན་འཆིའམ་ཞེས་དྲིས་པ་ན་འཆི་ཞེས་མགོ་གཅིག་ཏུ་ལན་གདབ་པ་དང་། སེམས་ཅན་སྐྱེའམ་ཞེས་དྲིས་པ་ན་ཉོན་མོངས་པ་དང་བཅས་པ་སྐྱེའི། ཉོན་མོངས་ཟད་པ་རྣམས་མི་སྐྱེ་ཞེས་རྣམ་པར་ཕྱེ་སྟེ་ལན་གདབ་པ་དང་། མི་འདི་ཁྱད་པར་དུ་འཕགས་པའམ་འོན་ཏེ་དམན་པ་ཡིན་ཞེས་དྲིས་པ་ན། གང་ལ་ལྟོས་ཏེ་དྲི་ཞེས་པ་ན། ལྷ་རྣམས་ལ་ལྟོས་ཏེའོ་ཞེས་སྨྲ་ན་དམན་པའོ། ངན་སོང་བ་རྣམས་ལ་ལྟོས་ཏེ་ཞེས་སྨྲ་ན་ཁྱད་པར་དུ་འཕགས་སོ་ཞེས་དྲིས་ནས་ལུང་བསྟན་པ་དང་། ཕུང་པོ་རྣམས་ལས་བདག་གཞན་མ་ཡིན་ནམ་ཞེས་དྲིས་པ་ན། གཞག་པར་ལུང་བསྟན་པར་བྱ་བ་རྣམས་ཡིན་པའི་ཕྱིར། འོ་ན་དྲི་བ་བཞི་པོ་ལུང་མ་བསྟན་མ་ཡིན་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེ་རྣམས་ལུང་མ་བསྟན་ཡིན་ཞེས་ལུང་བསྟན་པའི་ཕྱིར། |
| Domain | ཆོས་ལུགས། |