31643
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། སྔར་མདོ་ལས་གསང་སྔགས་མ་གསུངས་པས་ཕྱིས་ཇི་ལྟར་འབྱུང་ཚུལ་དོན་གྱིས་ཞུས་པ་དང། གདམས་ངག་གསུམ་ཞུས་པ་དང། རྣམ་ཐར་གྱི་ཐེག་པ་བསྡུ་ལུགས་ཞུས་པ་དང། སྟོན་པ་འདས་ནས་སྒྲོན་མར་གང་འོས་ཞུས་པ་དང། ལོག་ལྟ་ཚར་གང་གིས་གཅོད་ཞུས་པ་བཅས་ལྔ་སྟེ། མདོ་དགོངས་པ་འདུས་པའི་ལེའུ་གཉིས་པ་ལས་བྱུང་བ་ལྟར་སྟོན་པ་མྱ་ངན་ལས་འདའ་ཁར་ཀུན་དགའ་བོའམ་རིག་འཛིན་ཀུཉྫ་རས་སྟོན་པར་ཞུས་པའི་དྲི་བ་ལྔ་ཡིན། དྲི་བ་འདི་ལྔ་པོར་སྟོན་པས་རིམ་པར་བཀའ་ལན་བསྩལ་པ་ཉིད་མདོ་དགོངས་འདུས་ཀྱི་ལུང་བསྟན་བརྒྱུད་པའི་རྒྱུད་ཀྱི་རྩ་རྒྱུད་ཡིན་ལ་སྟོན་པས་ཞལ་ནས་གསུངས་པར་ཡང་བཞེད། འདི་ལྔ་ལ་ཞུ་བ་ལྔ་ཞེས་ཀྱང་བྱ། |
| Domain | ཆོས་ལུགས། |