From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ན་ (1)
| Part of speech
|
མིང་ཚིག
|
| Definition
|
བོད་ཡིག་གི་གསལ་བྱེད་བཅུ་གཉིས་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་སོ་དང། བྱེད་པ་ལྕེའི་རྩེ་མོ། སྒྲ་འབྱིན་ཚུལ་ཆེས་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་ཤིན་ཏུ་མོའི་ཡི་གེ་ཞིག
|
ན་ (2)
| Part of speech
|
མིང་ཚིག
|
| Definition
|
མིའམ་སེམས་ཅན་གྱི་ལོ་གྲངས་སྟོན་བྱེད་ལ་འཇུག་སྟེ།
|
| Example
|
དགུང་ན་སོན་པའི་རྒྱལ་སྲས། བུ་ཕྲུག་ལོ་ན་སོན་པ། ལོ་ན་རྒས་པའི་དབང་གིས་གཟུགས་གསལ་པོ་མི་མཐོང་ལྟ་བུ།
|
ན་ (3)
| Part of speech
|
མིང་ཚིག
|
| Definition
|
ལོ་ལྔ་ལོན་པའི་རྟ་དང་དྲེལ་གྱི་ལོ་ལ་ཟེར།
|
ན་ (4)
| Part of speech
|
མིང་ཚིག
|
| Definition
|
ཆུ་རླན་ཆེ་བའམ་ཆུ་འཁྱིལ་མང་པོ་ཡོད་པའི་སྤང་ལྗོངས།
|
| Example
|
གཡག་ན་འདམ་ལ་ཟུག ན་ཁུག་ཏུ་སྐྱེས་པའི་རྩྭ་ལྟ་བུ།
|
ན་ (1)
| Part of speech
|
ཕྲད་ཚིག
|
| Definition
|
དམིགས་ཀྱིས་འབྱེད་པའི་དོན་ལ་འཇུག་པར་བཤད་དེ།
|
| Keyword
|
True
|
| Example
|
མདོར་བསྡུས་ན། ཧྲིལ་གྱིས་དྲིལ་ན། ཡིན་གྲང་ན་ལྟ་བུ།
|
ན་ (2)
| Part of speech
|
ཕྲད་ཚིག
|
| Definition
|
རྒྱུ་མཚན་སྟོན་བྱེད་དུ་འཇུག་པར་བཤད་དེ།
|
| Keyword
|
True
|
| Example
|
འབད་བརྩོན་བྱས་ན་འབྲས་བུ་འཐོབ། མེ་ཡོད་ན་དུ་བ་འབྱུང་ལྟ་བུའོ།
|
ན་ (3)
| Part of speech
|
ཕྲད་ཚིག
|
| Definition
|
རྒྱུ་མཚན་དོན་གྱིས་སྟོན་བྱེད་དུ་འཇུག་པར་བཤད་དེ།
|
| Keyword
|
True
|
| Example
|
དཀའ་ལས་མ་བརྒྱབ་ན་འབྲས་བུ་འཐོབ་དོན་མེད། ཆང་མ་བཏུང་ན་ར་ཅིའི་ཕྱིར་བཟི་ལྟ་བུ།
|
ན་ (4)
| Part of speech
|
ཕྲད་ཚིག
|
| Definition
|
ཚིག་འགལ་བར་སྟོན་བྱེད་དུ་འཇུག་པར་བཤད་དེ།
|
| Keyword
|
True
|
| Example
|
ཁོ་སྔོན་ཆད་སྤྲང་པོ་ཞིག་ཡིན་ན་ད་ནི་དབུལ་པོ་མ་ཡིན་ནོ་ལྟ་བུ།
|
ན་ (5)
| Part of speech
|
ཕྲད་ཚིག
|
| Definition
|
འོས་པར་དཀའ་བ་སྟེ་མི་འོས་པའི་ཆག་གམ་ཚོད་འཛིན་པའི་སྒོ་ནས་ཚིག་དོན་ཕྱི་མ་ངེས་པར་བྱེད་པའི་དོན་ལ་འཇུག་པར་བཤད་དེ།
|
| Keyword
|
True
|
| Example
|
སྤུན་མཆེད་ཀྱིས་ཀྱང་བརྙད་འཚོལ་ན་མི་གཞན་གྱིས་ལྟ་ཅི་སྨོས། ལྷས་བཏུད་ན་མིས་ལྟ་ཅི་སྨོས་ལྟ་བུ།
|
ན་ (6)
| Part of speech
|
ཕྲད་ཚིག
|
| Definition
|
འོས་པ་ནན་གྱིས་བཟུང་ནས་ཕྱི་ཚིག་ངེས་པར་བྱེད་པའི་དོན་དུ་འཇུག་པར་བཤད་དེ།
|
| Keyword
|
True
|
| Example
|
དུད་འགྲོ་རྣམས་བླུན་པ་ཉིད་ན་མིའང་དེ་ལྟ་བུ་དག་མཐོང་ངོ་། འབྲོག་པས་ཞིང་འདེབས་མི་ཤེས་ན་སོ་ནམ་པས་ཞིང་ཁ་འདེབས་མི་ཤེས་པའང་འདུག་ཅེས་པ་ལྟ་བུ།
|
ན་ (7)
| Part of speech
|
ཕྲད་ཚིག
|
| Definition
|
སྨོན་པའི་དོན་ལ་འཇུག་པར་བཤད་དེ།
|
| Keyword
|
True
|
| Example
|
འགྲོ་བ་མིའི་རང་དབང་དང་ལྡན་ན་ཅི་མ་རུང། ཨ་མར་ངོ་འཕྲད་ན་ཅི་མ་རུང་ལྟ་བུ།
|
ན་ (8)
| Part of speech
|
ཕྲད་ཚིག
|
| Definition
|
ཐེ་ཚོམ་སྟོན་བྱེད་དུ་འཇུག་པར་བཤད་དེ།
|
| Keyword
|
True
|
| Example
|
གདན་འདྲེན་ཞུ་ཡིག་བཏང་ཟིན་ན་ཁོང་ཕེབས་སམ་མི་ཕེབས། གཤག་བཅོས་བྱས་ཟིན་ན་ན་ཚ་དྲག་སྐྱེད་ཡོང་ངམ་མི་ཡོང་ལྟ་བུ།
|
ན་ (9)
| Part of speech
|
ཕྲད་ཚིག
|
| Definition
|
ལས་སུ་བྱ་བ་ལ་འཇུག་པ། ལ་དོན་གྱི་ན་ཡིག་སྦྱར་བའི་གཞི་དེ་ལ། བྱ་བ་གཞན་ཞིག་བྱས་པའམ་བྱེད་བཞིན་པ་དང་། བྱེད་འགྱུར་གང་རུང་སྟོན་པ་ལ་འཇུག་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ།
|
| Keyword
|
True
|
| Example
|
ས་གཞི་ན་འབྲས་འདེབས། ནང་ན་ཡི་གེ་འབྲི་ལྟ་བུ།
|
ན་ (10)
| Part of speech
|
ཕྲད་ཚིག
|
| Definition
|
དགོས་ཆེད་ལ་འཇུག་པ། ན་ཡིག་སྦྱར་བའི་ཚེ་ན། བྱེད་པ་པོ་ཅི་རིགས་ཤིག་གིས་རང་གི་དགོས་པའམ་བྱ་བའི་ཡུལ་གྱི་དགོས་པ་ཞིག་བསྒྲུབ་པའི་ཆེད་དུ་བྱ་བ་ཞིག་བྱེད་པར་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ།
|
| Keyword
|
True
|
| Example
|
རིག་པ་སློབ་ན་བརྩོན་འགྲུས་བྱེད། སྐོམ་ན་ཇ་འཐུང་ལྟ་བུ།
|
ན་ (11)
| Part of speech
|
ཕྲད་ཚིག
|
| Definition
|
རྟེན་གནས་ལ་འཇུག་པ། ན་ཡིག་སྦྱར་ཚེ་དངོས་པོ་གང་ཞིག་གང་དུ་ཡོད་པར་སྟོན་པར་བྱེད་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ།
|
| Keyword
|
True
|
| Example
|
ཐབ་ན་མེ་ཡོད། ཁང་ཐོག་ན་བྱ་ཡོད་ལྟ་བུ།
|
ན་ (12)
| Part of speech
|
ཕྲད་ཚིག
|
| Definition
|
དེ་ཉིད་ལ་འཇུག་པ། ལ་དོན་གྱི་ན་ཡིག་སྦྱར་ས་དེའི་ངོ་བོར་གྲུབ་པའམ་དེ་ཉིད་དུ་ངེས་པར་སྟོན་པ་དོན་གྱི་ཆ་ནས་ཡུལ་དང་བྱ་བ་སོ་སོར་ཕྱེད་དུ་མེད་པ་ཞིག་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ།
|
| Keyword
|
True
|
| Example
|
བཏགས་ཙམ་ན་སྣང་། སོ་ན་གནས། དེ་ཁོ་ན་ཉིད་ལྟ་བུ།
|
ན་ (13)
| Part of speech
|
ཕྲད་ཚིག
|
| Definition
|
ཚེ་སྐབས་ལ་འཇུག་པ། དུས་དང་སྐབས་སྟོན་པའི་མིང་མཐར་ལ་དོན་གྱི་ན་སྒྲའི་ཕྲད་སྦྱར་ནས། བྱ་བ་གང་ཞིག་གམ་འགྱུར་ལྡོག་གང་ཞིག་དུས་སྐབས་ག་འདྲ་ཞིག་ལ་བྱེད་པའམ་འབྱུང་བ་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ།
|
| Keyword
|
True
|
| Example
|
ལོ་གཅིག་ལོན་པ་ན་སྨྲ་ཤེས། དེ་དུས་ན་ཧ་མ་གོ་ལྟ་བུ།
|
ན་ (14)
| Part of speech
|
ཕྲད་ཚིག
|
| Definition
|
བྱ་ཚིག་འདས་པའི་མཐར་སྦྱར་ན། བྱ་བ་གང་ཞིག་སྔོན་མ་མ་བྱས་པ་སྟོན་ཏེ།
|
| Keyword
|
True
|
| Example
|
ངས་རྐུ་བྱས་ན་དཀོན་མཆོག་གསུམ་ཞེས་པ་ལྟ་བུ།
|
ན་ (15)
| Part of speech
|
ཕྲད་ཚིག
|
| Definition
|
བྱ་ཚིག་མ་འོངས་པའི་མཐར་སྦྱར་ན། བྱ་བ་གང་ཞིག་རྗེས་མ་མི་བྱེད་པ་སྟོན་ཏེ།
|
| Keyword
|
True
|
| Example
|
དེང་ཕྱིན་ཆད་རྐུ་བྱ་ན་མཎ་རྡོག་ཁེར་མ་ཞེས་པ་ལྟ་བུ།
|
ན་ (1)
| Part of speech
|
བྱ་ཚིག
|
| Definition
|
ནད་ཀྱིས་མནར་བའི་དོན་ཏེ།
|
| Keyword
|
True
|
| Example
|
ང་རིམས་ནད་ཀྱིས་ན་ནས་ཡུན་རིང་ཡིན་ལྟ་བུ།
|
| Transitive
|
བྱ་བྱེད་ཐ་མི་དད་པ།
|
| Verb Form
|
གཟུགས་མི་འགྱུར་བ།
|