32710

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:37, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ནག་སྐྱེས་དམར་བབས་ (1)
Part of speech མིང་ཚིག
Definition སྨེ་བ་གཉིས་ནག་གནམ་སྨེ་ཡིན་ལོ་དེར་སྐྱེས་པའི་བརྩི་བྱ་དག་གི་བབས་སྨེ་དམར་གཉིས་ལས་གཅིག་གི་སྟེང་དུ་བབས་པ་ལ་ཟེར་བ་ཡིན། དེ་གཉིས་ལས་བདུན་དམར་བཙན་གྱི་མེ་ལོང་སྟེང་དུ་བབས་ན་དགྲ་རྐུན་གྱི་ངོ་ཡོད་པས། བཅོས་སུ་བནྡེས་ཡིས་བསྐང་བཤགས་གདོན་དགོས། གལ་སྲིད་ན་བ་ཡིན་ན་བྱང་ངམ་ལྷོ་ནུབ་ན་ཁྱི་དམར་ཡོད་པའི་བུད་མེད་དམར་མོས་ཟས་བྱིན་པ་དེར་ལན་པར་བཤད། དགུ་དམར་མ་མོའི་མེ་ལོང་སྟེང་དུ་བབས་ན་ཕོ་ལ་འཐབ་མོ་དགྲ་ངོ་དང་། མོ་ལ་སྲིད་ངོ་། གཉིས་ཀར་དམར་ངོ་འདྲ་བར་ཡོད་པས། བཅོས་སུ་བསྐང་བཤགས་དང་བཙན་མདོས་བྱ་དགོས། གལ་སྲིད་ན་བ་ཡིན་ན་དབུ་བཙན་སྲུང་མ་གནོད་པར་བཤད།
Domain རྩིས་རིག