32952
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བློན་པོའི་རིགས་ཤིག་སྟེ། གཙོ་བོ་གཞུང་ངམ་རྒྱལ་ཁབ་ཀྱི་བང་མཛོད་གསོག་སྲུང་དང་། འབངས་ཀྱི་འཚོ་ཚིས་ལ་ལྟ་སྐྱོང་བྱེད་པ་སོགས་ནང་སྲིད་ཀྱི་གལ་ཆེའི་ལས་དོན་གཉེར་སྐྱོང་བྱེད་མཁན་གྱི་བློན་པོ་ཞིག་ཡིན། སྔོན་ཆད་བོད་ཀྱི་བཙན་པོ་རྣམས་ཀྱི་སྐུ་རིང་ལ། ནང་བློན་ནི་བུད་མེད་མཛངས་མ་ལྟར་ནང་གི་ཚིས་བྱེད་ཅེས་གྲགས་ཤིང་། ནང་བློན་ལ་དབྱེ་ན་ཆེ་འབྲིང་ཆུང་གསུམ་གྱི་རིམ་པའི་དབྱེ་བ་ཡོད་དོ། ། |