33043

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:40, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ནང་སོ་དགེ་འདུན་མཁས་མཆོག་ (1)
Part of speech མིང་ཚིག
Definition མདོ་སྨད་རེབ་གོང་དུ་འཁྲུངས། འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་བཞི་པའི་མེ་ཡོས་ཕྱི་ལོ་ ༡༨༠༧ ལོར་སྐུ་གཤེགས། ཆུང་དུས་ནས་ལྷ་བཙུན་ནང་སོ་ངག་དབང་བློ་བཟང་གི་སྐུ་སྐྱེས་སུ་ངོས་བཟུང་། གདན་སར་བཀོད། བཅུ་གསུམ་པར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ཆོས་གྲྭར་ཞུགས། མཚན་ཉིད་ཀྱི་གཞུང་སོགས་ལ་སྦྱངས། གསུང་རབ་ཀྱི་དོན་ལ་རྣམ་དཔྱོད་མཆོག་ཏུ་ཡངས། འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་བསྙེན་པ་གནང་སྐབས་ངོ་མཚར་ཅན་གྱི་ལྟས་བྱུང་། སྐྱབས་མགོན་མཆོག་གིས་དུས་འཁོར་གསར་ཚུགས་ཀྱི་རྡོ་རྗེ་སློབ་དཔོན་མཛད་དགོས་པའི་བརྡར་ངོ་འཕྲོད། སྒྲུབ་པའི་སྡེ་ཆེན་པོ་ཡིག་སྒར་ཡིད་དགའ་ཆོས་འཛིན་གྱི་བླ་མར་ཕེབས། བདེ་མཆོག་གི་སྒྲུབ་མཆོད་ངོས་གཙང་ཉིན་བཅུ་རེ་སོགས་ཀྱི་ཆོས་རྒྱུན་བཙུགས། རབ་བྱུང་བཅུ་གསུམ་པའི་ཤིང་བྱི་ཕྱི་ལོ་ ༡༨༠༤ ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་ཁྲིར་ཕེབས། གདན་ས་ལོ་ལྔའི་རིང་བསྐྱངས། འཆད་ཉན་དང་། འགྲིག་ལམ། ཀུན་སྤྱོད་བཅས་ལ་དོ་དམ་གནང་། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་མཁན་རབས་ཉེར་གཅིག་པ་ཡིན།