33046

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:40, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ནང་སྐོང་ལ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཐར་གླུད་སྐོང་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་གསང་སྔགས་ཀྱི་སྒྲུབ་གནས་གང་དག་ཏུ་གསང་བ་སྔགས་ཀྱི་ཕྲིན་ལས་བསྒྲུབ་པར་དབང་དྲག་གཉིས་ཀྱི་ལས་རིམ་རྣམས་བཀའ་གཉན་ཞིང་དྲག་པས། སྣང་སྲིད་ཀྱི་ཁམས་འདིར་གནས་ཤིང་དབང་བསྒྱུར་བའི་ལྷ་སྲིན་དྲེགས་པའི་ཚོགས་རྣམས་ཚོར་བ་རགས་པས་ཕྲག་དོག་དང་ཁོང་ཁྲོ་བར་འགྱུར་བས། དབང་དྲག་གི་ལས་རིམ་གང་དག་མ་འཇུག་སྔོན་དུ་དེ་དག་གི་འགལ་རྐྱེན་མི་འབྱུང་བའི་ཆེད་དུ། གཤེན་རབ་དགོངས་པ་དང་ལྡན་པས་འཇིག་རྟེན་ཐུན་མོང་གི་མཁོ་མཐུན་འདོད་ཡོན་སྣ་ཚོགས་ཏེ་རི་རབ་ལ་སོགས་སྣོད་བཅུད་ཀྱི་བཀོད་པ་ཕུན་སུམ་ཚོགས་པར་བསྐྲུན་ཏེ་གླུད་དུ་བསྔོ་ཞིང་ཚིམ་པར་སྤྱོད་པའི་དོན་ནོ། ། དེ་ལ་ཡང་ཡས་སྟགས་ཀྱི་གླུད་དུ་བསྔོ་བའི་རིགས་ནི། འཕེན་རྒྱང་གི་སྣལ་རིས། ཤིང་རིས་ཀྱི་འཁྲས་རྟེན་མཁར། དར་ཟབ་ཀྱི་རྒྱན་གོས། འབྲུ་སྣ་དཀར་མངར། སྨན་སྤོས་མེ་ཏོག་ལ་སོགས་ངལ་ཞིང་དུབ་པའི་གསོས། མི་ནོར་ཡུལ་མཁར་གྱི་འདོད་རྫས། ཁྱེའུ་བུ་མོ་རོལ་རྩེད་ཀྱི་གྲོགས། གླུ་དབྱངས་རོལ་མོ་ཡིད་ཆགས་ཀྱི་རྐྱེན། སྨྲ་བ་གསལ་ཞིང་ངག་བདེ་བ་བརྡ་སྤྲོད་པའི་སྨྲང་། གཡུ་འབྲང་གསེར་སྐྱེམས་དམ་ཚིག་ཆུ། དབལ་གྱི་བྱ་བཟང་ཟིལ་གནོན་ཁྱུང་ལ་སོགས་འཇིག་རྟེན་ཐུན་མོང་གིས་འདོད་ཞེན་ཆེ་བར་སྐྱེ་བའི་ཡུལ་རྣམས་སོ། ། དེ་ཡང་དཔལ་གསང་བ་དོན་གྱི་རྒྱུད་ལས། གསུམ་པ་ནང་སྐོང་བསྙེན་པ་ནི། རིན་ཆེན་སྤྱི་སྤུངས་བོན་བསྒྲུབ་ལ། གླུད་ཀྱིས་ལྷ་འདྲེ་མ་བཅོས་ན། དབང་དྲག་ལས་འདི་གཉན་དྲག་པས། སྣང་སྲིད་ལྷ་སྲིན་དྲེགས་པའི་ཚོགས། ཡ་ཡ་རུ་འཐུར་ཚོར་བ་རགས། དེ་ཕྱིར་ཐར་གླུད་སྣ་སེལ་གཏོང་། གཤེན་རབ་དགོངས་པ་དག་པས་སྤེལ། རི་རབ་འོད་གསལ་ལྷ་ཡི་ཡུལ། འཕེན་རྒྱང་སྣལ་རིས་གཞའ་ཚོན་འོད། མདའ་སྨུག་ཤིང་རིས་འཁྲས་རྟེན་མཁར། དར་ཟབ་རས་ཕྲིང་(རེའུ་འབྲི)ལྷབ་ལྷུབ་གོས། འབྲུ་སྣ་དཀར་མངར་འདོད་པའི་རྫས། ཞེས་སོགས་རྒྱ་ཆེར་གསུངས་སོ། ། དེ་དག་ལས་གླུད་དང་ཡས་སྟགས་ཞེས་བྱ་བའི་དོན་ནི། གསོན་གྱི་འགྲོ་བ་མི་ལ་སོགས་དང་དེའི་ཡུལ་མཁར་ལོངས་སྤྱོད་གང་དག་གི་ཚབ་བམ་བརྗེ་ཡུལ་དེ་ཡིན་པ་ལས་རེ་འགའི་བསམ་ཚུལ་ལྟར་ད་ཆར་སྤྱོད་པའི་གཟུགས་རིས་རྣམས་སྔོན་དུས་སུ་དངོས་སུ་སྤྱོད་ཀྱི་ཡོད་པ་ནི་མ་ཡིན་ནོ། །དེ་ལྟར་མ་ཡིན་ན་ཡིག་རྙིང་ནང་གསལ་གླུད་དུ་བྱས་པའི་ཕྱི་སྣོད་རི་རྒྱལ་དང་ནང་བཅུད་ཁྱུང་ཆེན་ལ་སོགས་ཆེས་དཀོན་ལ་འགྲོ་བ་ཐུན་མོང་གི་མཐོང་ཡུལ་ལས་ལྐོག་ཏུ་གྱུར་པའི་རིགས་མང་དུ་ཡོད་པ་དེ་དག་སྔར་ཞང་བོད་ཀྱི་མེས་པོ་རྣམས་ཀྱིས་དངོས་སུ་སྤྱོད་དུ་ཡོད་པ་ཐལ་བར་འགྱུར་རོ། །
Domain ཆོས་ལུགས།