33050
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ནང་སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་དུ་ཕྱེ་བའི་གཉིས་པ་སྟེ། འདི་ལའང་ནང་གསེས་སུ་རྣམ་པར་ཕྱེ་ན། ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་ལས། དང་པོ་ཞི་བའི་སྒྲུབ་ཐབས་ལ་ཆོས་ཚན་སུམ་ཅུ་ཐམ་པ་དང་། ཁྲོ་བའི་སྒྲུབ་ཐབས་ལ་ཆོས་ཚན་སུམ་ཅུ་སོ་ལྔར་བཞུགས། |
| Domain | ཆོས་ལུགས། |