33051
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡང་གསང་ཚེའི་སྒྲུབ་པ་ཤིན་ཏུ་ཟབ་པ་ནང་སྒྲུབ་རྡོ་རྗེ་ཕྲེང་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་གིས་ཚེ་བདག་པདྨ་ཡིས༔ ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་ལས༔ ནང་ལྟར་བསྒྲུབ་པ་བསྟན་པར་བྱ༔ ཞེས་དང་། མཇུག་ཏུ། ཨོ་རྒྱན་ཆེན་པོའི་གསུང་བཞིན་བདག་འདྲ་མཚོ་རྒྱལ་གྱིས་ལྷོ་བྲག་དཔལ་གྱི་ཕུག་རིང་དུ་ཡི་གེར་བཀོད་པའོ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་བྲག་དམར་བཙན་མཁར་རྫ་ཡི་བུམ་པ་ཁྲོ་ཆུས་བྱུགས་པའི་ནང་ནས་གདན་དྲངས། འདིའི་ནང་དོན་ལ། སྔོན་འགྲོ་རྫས་བསག་པ་དང་། དངོས་གཞི་བསྐྱེད་རྫོགས་ཀྱི་སྒོ་ནས་ཚེ་བསྒྲུབ་པ། རྗེས་ཚེ་གཏོར་དངོས་གྲུབ་བླང་བ་བཅས། ཆོ་གའི་རིམ་པ་གསུམ་གྱི་སྒོ་ནས་ནང་ལྟར་དུ་ཚེ་བསྒྲུབ་བྱ་ཚུལ་བསྟན། |