33081

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:40, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ནད་ཀྱི་བསྐལ་པ་ (1)
Part of speech མིང་ཚིག
Definition མདོ། ཚེ་ལོ་བཅུ་པའི་སྐབས་བར་བསྐལ་གསུམ་གྱི་ནང་གསེས་ཤིག་སྟེ། ནད་རིམས་གོས་ཚད་ཚང་མ་འཕྲལ་དུ་ཤི་བའི་ནད་ཀྱི་བསྐལ་པ་ཟླ་བ་བདུན་དང་ཞག་བདུན་འབྱུང་བ་དེའོ། །དེ་ཡང་ཚེ་ལོ་བཅུ་པའི་མཚོན་གྱི་བསྐལ་པའི་དུས་ཀྱི་ཉེས་པ་དེ་དག་གིས། མི་མ་ཡིན་པ་རྣམས་ཀྱིས་ཡམས་ཀྱི་ནད་དག་གཏོང་བར་བྱེད་དོ། །འདི་སྐད་དུ། དགེ་འདུན་ལ་ཨ་རུ་ར་འགའ་ཞིག་གུས་པར་བྱས་ཏེ། ཕུལ་བ་དེ་ནི་ནད་དང་བར་གྱི་བསྐལ་པ་དེ་དག་ཏུ་སྐྱེ་བར་མི་འགྱུར་རོ་ཞེས་བརྗོད་དོ། །
Domain ཆོས་ལུགས།