33112

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ནད་གཡོག་མི་བྱེད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་ལྷན་ཅིག་གནས་པ་དང་ཉེ་གནས་དག་ཉེ་བར་བཞག་ནས་ན་བ་ལ་ནད་གཡོག་མི་བྱེད་པ་ལས་དེ་དག་མགོན་མེད་པས་སྡུག་བསྔལ་བར་གྱུར་པ་ལས་བཅས་སོ། །དགག་བྱ་ནི་ལྷན་ཅིག་གནས་པ་དང་ཉེ་གནས་ལ་གནོད་པར་འགྱུར་བའོ། །རང་གིས་དབྱུང་རྫོགས་བྱས་པའི་སློབ་མ་ནད་པ་དག་ལ་ནད་གཡོག་མི་བྱེད་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །སློབ་མ་ན་བའི་ནད་གཡོག་མི་བྱེད་པ་ནི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བར་མ་ཟད་ཀྱི་གནས་ཀྱི་སློབ་དཔོན་མ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། མཁན་མོས་དེ་དག་ན་བར་གྱུར་པ་ན་ནད་གཡོག་མི་བྱེད་པ་ནི། ནད་གཡོག་མི་བྱེད་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།