33119

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ནད་གསོ་བར་བྱ་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གསང་སྔགས་ཐེག་པར་འཇུག་པའི་ཐབས་བཅུའམ་ཆོས་ཀྱི་རྣམ་གྲངས་བཅུ་རུ་གསུངས་པའི་ཡ་གྱལ་ཞིག་ཡིན། འདི་ནི་གྲོང་ཁྱེར་གསུམ་གྱིས་འགྲོ་བ་རྣམས་རྟོག་པའི་ནད་གཅོང་ཆེན་པོ་དག་ཐབས་ཀྱི་ཁྱད་པར་བཅུས་སེལ་ཐབས་བསྟན་པ་ཞིག་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། གྲོང་ཁྱེར་གསུམ་གྱི་འགྲོ་བ་ནད་གཅོང་ཆེན་པོ་ཅན་རྣམས་ཐབས་དམ་པ་རྨད་དུ་བྱུང་བས་གསོ་བར་བྱའོ། །ནད་ཀྱི་གཞི་རྩ་ལ་མཁས་པས་ལྟ་བས་ཐག་གཅད་པར་བྱའོ། །ནད་སྦྱོང་བའི་ཐབས་སྔོན་དུ་ཆོས་མཉན་པ་ལ་བརྩོན་པར་བྱའོ། །སྨན་པ་དམ་པ་བླ་མ་རྣམས་བསྟེན་པར་བྱའོ། །གཉེན་པོ་དམ་པའི་སྨན་སྒོམ་པའི་ངོ་བོ་སྲེལ་ཞིང་སྤེལ་བར་བྱའོ། །སྨན་སྦྱར་བ་ལ་མཁས་པས་བློ་གཞག་པར་བྱའོ། །སྨན་གྱི་ལམ་མཆོག་སྐྱོན་བཅོས་ཐབས་ཀྱིས་བསྲུང་བར་བྱའོ། །འབྲས་བུ་གཞན་དོན་གྱི་སྤྱོད་པ་ནད་པའི་ཚོགས་དང་མི་འབྲལ་བར་བྱའོ། །འབྲས་བུ་བདག་དོན་གྱི་སྤྱོད་པ་ནད་ཀྱི་རྒྱུན་གཅད་པར་བྱའོ། །དོན་དུ་ནད་ཀྱི་གཉེན་པོར་འགྱུར་བར་བྱའོ། །ཞེས་གསུངས།
Domain ཆོས་ལུགས།