33128
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལས་རྣམས་པར་འབྱེད་པ་ལས་བྱུང་བ་སྟེ། ཁུ་ཚུར་དང༌། ཐལ་མོ་ལ་སོགས་པས་བརྡེག་པ་སྤོང་བ། ཁུ་ཚུར་དང༌། ཐལ་མོ་ལ་སོགས་པས་བརྡེག་པ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་པ། ཁུ་ཚུར་དང་། ཐལ་མོ་ལ་སོགས་པས་བརྡེག་པ་སྤོང་བའི་བསྔགས་པ་སྨྲ་བ། ཁུ་ཚུར་དང་། ཐལ་མོ་ལ་སོགས་པས་བརྡེག་པ་སྤོང་བ་ལ་རྗེས་སུ་ཡི་རང་བ། ཕ་མ་ནད་ཀྱིས་བཏབ་ན་རིམ་གྲོ་བྱེད་པ། འཕགས་པ་རྣམས་ནད་ཀྱིས་བཏབ་ན་རིམ་གྲོ་བྱེད་པ། མི་མཛའ་ནད་ཀྱིས་བཏབ་ན་ཡིད་མི་དགའ་བ། མི་མཛའ་བ་ནད་སོས་ན་ཡིད་དགའ་བ། ༩ ནད་པ་ལ་སྨན་སྦྱིན་པ། ཁ་ཟས་ཞུ་བར་གྱུར་ནས་ཟ་བ་ནི་བཅུ་པའོ། ། |
| Domain | ཆོས་ལུགས། |