33138

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ནད་དོ་ཅོག་ཐམས་ཅད་ཀྱི་ཚུལ་ཤེས་པར་བྱ་བའི་ཐབས་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་རང་འགྲེལ་ལས་བྱུང་བ་སྟེ། ༡ ནད་རེ་རེ་ལ་ཡང་སྣ་གྲངས་སུ་ཡོད་པ་ནི། དཔེར་ན་རིམས་ནད་རྣམ་པ་བརྒྱད་དུ་བཤད་པ་ཡིན་ནོ། །༢ ནད་དམིགས་གང་ཡིན་བརྟག་པ་ནི། རླུང་ནད་དང༌། མཁྲིས་པའི་ནད་དང་། བད་ཀན་གྱི་ནད་རྣམས་ཅིག་ཅར་དུས་གཅིག་ཏུ་ན་ན་ནད་དེ་རླུང་གི་ཤས་སུ་གཏོགས་པ་ཡིན་ནམ། མཁྲིས་པའམ་བད་ཀན་གྱི་ཤས་གར་གཏོགས། ནད་འདི་གང་ཡིན་ཞེས་རྣམ་པར་རྟོག་པར་བྱེད་པའོ། །༣ གཙོ་བོར་གྱུར་པའི་ནད་ནི། རླུང་དང་མཁྲིས་པ་དང་བད་ཀན་གྱི་སར་རང་རང་གི་ནད་བྱུང་བ་ནི་ནད་རང་དབང་ཅན་ཞེས་བྱ་སྟེ། དེ་ནི་ནད་གཙོ་བོར་གྱུར་པ་ཞེས་བྱའོ། །བད་ཀན་གྱི་སར་རླུང་ནད་ལྟ་བུ་བྱུང་བ་ནི་རང་དབང་མེད་པ་གཙོ་བོར་མ་གྱུར་པ་ཡིན་ཏེ་གསོ་དཀའ་བ་ཞེས་བྱའོ། །༤ ནད་སྟོབས་ཀྱི་མཐུ་ནི། ཅི་ལས་ནད་དུ་གྱུར་པའི་ནད་ཀྱི་གཞི་ཡང་རྗེས་ཆོད་དེ་ཤེས་ཕ་དེ་ལས་ནད་དུ་གྱུར་པའི་ནད་ཀྱང་དངོས་སུ་མངོན་པར་གྱུར་པ་དེ་ནི་ནད་དམིགས་མཐུ་ཆེ་བར་གྱུར་པ་ཞེས་བྱ་སྟེ། ནད་ཚབས་ཆེ་བར་བལྟའོ། །ཅི་ལས་ནད་དུ་གྱུར་པའི་ནད་གཞི་ཡང་ཚང་བར་མི་མངོན་ལ། ནད་ཀྱི་གཞི་གང་ལས་ན་བར་གྱུར་པའི་ནད་དམིགས་ཀྱང་ཚང་བར་མི་མངོན་ན། དེ་ནི་ནད་དམིགས་མི་ཆེ་བ་ཞེས་བྱའོ། །༥ དུས་ལས་ནད་དམིགས་གང་ཡིན་ཤེས་པར་བྱ་བ་ནི། རླུང་དང༌། མཁྲིས་པ་དང༌། བད་ཀན་གྱི་བྱེ་བྲག་གི་ཚུལ་བཞིན་དུ་མཚན་མོའི་བྱེ་བྲག་དང༌། ཉིན་མོའི་བྱེ་བྲག་དང༌། དུས་ཚིགས་ཀྱི་བྱེ་བྲག་གམ། ཟན་ཟོས་པའི་འོག་གམ། ཁ་ཟས་ཞུ་བར་གྱུར་པའི་རྗེས་ལྟ་བུ་ལ་ན་ན་འདི་རྣམས་ཀྱི་བྱེ་བྲག་གང་གི་ཚེ་ནད་ཀྱིས་བཏབ་པ་དེ་ལས་ནད་ཅི་ཡིན་པར་ཤེས་པར་བྱེད་པའོ། །
Domain ཆོས་ལུགས།