33174
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བ་སྟེ། ༡ འབྱུང་བ་ཆེན་པོ་རྣམས་ཀྱི་ཁམས་སྙོམས་པ་ཉིད་ནད་མེད་པ་ཡིན། ༢ ཡང་དག་པའི་ལྟ་བར་སེམས་དྲང་པོ་ཉིད་ནད་མེད་པ་ཡིན། ༣ དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་རྙེད་ཅིང་ཕུན་སུམ་ཚོགས་པའི་བདེ་བ་ཐམས་ཅད་རྙེད་པ་ནད་མེད་པ་ཡིན། ༤ སེམས་ཅན་གྲངས་མེད་དཔག་ཏུ་མེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྙེད་ཅིང་ཉོན་མོངས་པ་རྣམ་པར་འཇོམས་པ་ཉིད་ནད་མེད་པ་ཆེན་པོ་ཡིན་པའོ། ། |
| Domain | ཆོས་ལུགས། |