33243

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ནན་ཏུར་བྱ་བའི་ཚུལ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགོས་པའི་དོན་ནི། ནན་ཏུར་བྱས་པས་ཕ་རོལ་པོ་དེ་ཉེས་པ་ལ་ཞུགས་པ་འཕྲོ་གཅོད་པར་འགྱུར་ཞིང་། མ་ཞུགས་པ་མི་འཇུག་པར་འགྱུར་བའོ། །བསྡུས་པའི་དོན་ལ་དྲུག་ལས། ཡུལ་གང་ལ་ནན་ཏུར་བྱ་བ་ནི། ཆད་པ་བཅད་པའི་ཡུལ་ཆོས་བཅུ་ལྡན་སྔར་ལས་གཞིར་བཤད་ཟིན་ཏོ། །བྱེད་པ་པོ་གང་གིས་ནན་ཏུར་བྱ་བའི་ཚུལ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །དུས་གང་གི་ཚེ་ནན་ཏུར་བྱ་བ་ནི། དབྱར་གྱི་ཚུལ་ནང་མ་ཡིན་ཞིང་བྱ་བ་གཞན་གྱིས་སེམས་གཡེངས་པའི་དུས་མ་ཡིན་པའོ། །ཚུལ་ཇི་ལྟར་ནན་ཏུར་བྱ་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ་སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང་། ལྟུང་བ་གླེང་དྲན་བྱ་ཞིང་གླེང་བ་པོ་རང་མ་ལང་ན་དགེ་འདུན་གྱིས་བསྐོས་པས་གླེང་དྲན་བྱའོ། །དངོས་གཞི་ནི་གསོལ་བཞིའི་ལས་ཀྱིས་ཏེ། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པ་དང་། འདི་ཉིད་དུ་ལྟུང་བ་ཕྱིར་བཅོས་པ་གྱིས་ཤིག དགེ་འདུན་ཉིད་ཀྱིས་ཁྱོད་བག་ཡངས་སུ་བྱེད་པར་འགྱུར་རོ་ཞེས་བརྗོད་པའོ། །ནན་ཏུར་བྱས་པའི་བསླབ་བྱ་ནི། གང་ལ་སྨད་པ་ནན་ཏུར་བྱས་པ་དེས་ནི་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་བ་དང་། དེའི་སྟེང་དུ་ཁྱད་པར་དུ་ཡང་བསྐྲད་པས་སུན་དབྱུང་བའི་གནས་སུ་མི་བསྡད་པའོ། །གནས་ནས་ཕྱུང་བས་ནི་ཁྱད་པར་ཅན་གྱི་སྤྱོད་ལམ་ལྔ་སྤང་ཞིང་། ཆོས་འདི་པའི་རབ་བྱུང་གཞན་རྣམས་དང་ཆོས་དང་ཟང་ཟིང་གིས་ལོངས་སྤྱོད་པ་སྤང་བའོ། །ནན་ཏུར་ལས་གྲོལ་བའི་རྒྱུ་ནི། ཐུན་མོང་བ་གཉིས་དང་བྱེ་བྲག་གི་གཉིས་ཏེ། དང་པོ་གཉིས་ནི་དགྲ་བཅོམ་པ་ཐོབ་པ་དང་བཟོད་པ་བྱ་བ་ཡིན་ལ། ཕྱི་མ་གཉིས་ནི་གསོ་སྦྱོང་དང་དགག་དབྱེ་བཞག་པ་གཉིས་ལ་འཇོག་པ་པོའམ་དེས་བསྐོས་པ་དང་ལྷན་ཅིག་ཏུ་གསོ་སྦྱོང་དང་དགག་དབྱེ་བྱས་ན་གྲོལ་བར་འགྱུར་བ་དང་། གཞན་ཡང་ནན་ཏུར་སྔ་མའི་སྟེང་དུ་ནན་ཏུར་ཕྱི་མ་བྱས་ན་སྔ་མ་ལས་གྲོལ་བར་འགྱུར་ལ། གནས་ནས་ཕྱུང་བ་ནི་དེ་ལྟར་མ་ཡིན་ཏེ། དེ་ནི་ཆོས་དང་ཟང་ཟིང་མཐའ་དག་གིས་སྤངས་ཟིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས།
Domain ཆོས་ལུགས།