33246
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། ནན་ཏུར་ལས་གྲོལ་བའི་རྒྱུ་ལ་ཐུན་མོང་གི་གྲོལ་རྒྱུ་གཉིས་དང་། བྱེ༌བྲག་གི་གྲོལ་རྒྱུ་གཉིས་བཅས་ཡོད་དེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དྲུག་པ་ནན་ཏུར་ལས་གྲོལ་བའི་རྒྱུ་ཡོད་དེ། ཐུན་མོང་གི་གྲོལ་རྒྱུ་གཉིས་དང་། བྱེ༌བྲག་གི་གྲོལ་རྒྱུ་གཉིས་རྣམས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་། བཟོད་པ་གསོལ་ཟིན་ནན་ཏུར་ཐམས་ཅད་ལས་གྲོལ་བ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། གསོ་སྦྱོང་དང་དགག་དབྱེ་འཇོག་པར་བྱེད་པས་དགེ་འདུན་དེ་འམ་དེས་བསྐོས་པའི་དགེ་སློང་དང་ལྷན་ཅིག་གསོ་དགག་གཞི་ལས་བྱེད་པའི་ཚེ་དེ་གཉིས་བཞག་པའི་ནན་ཏུར་ལས་གྲོལ་བ་དང་། ནན་ཏུར་སྔ་མའི་སྟེང་དུ་ཕྱི་མ་བྱུང་ན་ནན་ཏུར་སྔ་མ་ལས་གྲོལ་བ་ཡིན་པའི་ཕྱིར། གནས་དབྱུང་བདུན་ནི་མ་གཏོགས་ཏེ། དེ་ལ་ནན་ཏུར་ཕྱི་མ་མི་བྱེད་པའི་ཕྱིར་ཏེ། དེ་དང་ཆོས་དང་ཟང་ཟིང་མཐའ་དག་ལྷན་ཅིག་ཏུ་བྱེད་པ་སྤངས་ཟིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |