35004
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཇུན་ཁུལ་ཁ་བ་དཀར་པོའི་ཉེ་འགྲམ་དུ་འཁྲུངས། འཁྲུངས་ལོ་མི་གསལ། ཆུང་དུས་ནས་འབྲས་སྤུངས་ཀྱི་ཆོས་སྒོར་ཞུགས། རྗེས་སུ་ལྕགས་པོ་རིར་བཞུགས། རབ་བྱུང་བཅུ་གཉིས་པའི་མེ་ཁྱི་ཕྱི་ལོ་ ༡༧༠༦ ལོར་རྒྱལ་པོ་ལྷ་བཟང་ཧན་གྱིས་རྒྱལ་དབང་ལྔ་པའི་ཡང་སྲིད་དུ་བཀས་བཅད། པོ་ཏཱ་ལའི་གསེར་ཁྲི་མངའ་གསོལ། ཇོ་བོའི་སྐུ་མདུན་དུ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་གནང། མཚན་ལ་ངག་དབང་ཡེ་ཤེས་རྒྱ་མཚོ་ཞེས་གསོལ། སླེ་ལུང་རྗེ་དྲུང་བློ་བཟང་འཕྲིན་ལས་བསྙེན་པར་རྫོགས། མཁན་རིན་པོ་ཡེ་ཤེས་རྒྱ་མཚོ་ཞེས་ཞུ། འདུལ་བ་འཛིན་པ་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བ་ཞིག་ཡིན། རབ་བྱུང་བཅུ་གཉིས་པའི་མེ་བྱ་ཕྱི་ལོ་ ༡༧༡༧ ལོར་ཇུན་གར་དམག་སྤྱི་ཚེ་རིང་དོན་གྲུབ་ཀྱིས་རྒྱལ་བའི་གསེར་ཁྲི་ལས་ཕབ། རྒྱལ་བའི་གསེར་ཁྲིར་བཞུགས་རིང་གཞུང་ཐོག་ནས་དྲུང་པ་ཡེ་ཤེས་རྒྱ་མཚོ་དང་། བོད་མི་ཡོངས་ནས་སྐུ་ཞབས་པད་དཀར་འཛིན་པ་འབོད། རྒྱའི་ཡིག་ཚང་དུ་ཏཱ་ལའི་རྫུན་མ་ཞེས་པ་དེ་ཡིན། འདས་ལོ་མི་གསལ། |
{{#arraymap:པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་
|; |@@@ | | }}