35006

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
པད་མ་ (1)
Part of speech མིང་ཚིག
Definition ལོ་མང་པོ་སྐྱེ་བའི་ལྡུམ་རིགས་ཤིག་ཡིན་ཞིང། མཚེའུ་གཏིང་མི་རིང་བའི་ནང་དུ་སྐྱེ། ལོ་མ་ཆེ་ཞིང་ཟླུམ་ལ། མེ་ཏོག་དམར་སྐྱ་དང་དཀར་པོ་རིགས་གཉིས་ཡོད། འབྲས་བུ་དང་རྩ་བ་ཟ་རུང་། རྩ་བ་ནི་ལུས་ཟུངས་གསོ་བའི་སྨན་ཞིག་ཡིན།
Example ཞལ་རས་མཛེས་པ་པད་མའི་མེ་ཏོག་རེད་ལྟ་བུ།
Synonyms ཀ་མ་ལ། ཆུ་རྒྱན། གེ་སར་ཅན། ཆུ་སྐྱེས། ཆབ་འཁྲུངས། ཆུ་སྐྱེས་དཀར་པོ། པུཎྜ་རཱི་ཀ ཆུ་སྐྱེས་དམར་པོ། ཆུ་ཡི་སྙིང་པོ། ཆུའི་ལང་ཚོ། ཉི་མའི་གཉེན། ཉི་མས་བཞད། སྟེང་འཕྱོ། དྲི་བཟང་ཁང་། འདབ་བརྒྱ་བ། འདབ་སྟོང་ཅན། འདམ་སྐྱེས། སྡོང་བུ་ཅན། དཔལ་གོས། དཔལ་གྱི་འདབ་མ་ཅན། བུམ་པ་ཅན། སྦྲང་རྩིའི་རྒྱལ་མཚན། སྦྲང་རྩིའི་འབྱུང་གནས། རྩིབས་འབིགས། མཚོ་ལས་སྐྱེས། མཚོ་སྐྱེས། ཟེ་འབྲུའི་འཕྲེང་ལྡན། ཟེའུ་འབྲུ་ཅན།

{{#arraymap:པད་མ་

|; |@@@ | | }}

པད་མ་ (2)
Part of speech མིང་ཚིག
Definition ཤིང་ཕྲན་གྱི་རིགས་ཤིག་ལ་མེ་ཏོག་དཀར་དམར་ཅི་རིགས་བཞད་པ། རྒྱ་སྐད་དུ་མུ་ཏན་ཟེར་བ་དེ་ལའང་པད་མ་ཟེར།

{{#arraymap:པད་མ་

|; |@@@ | | }}

པད་མ་ (3)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་རྩ་ལྡུམ་གྱི་རིགས་ཤིག་ལ་མེ་ཏོག་དཀར་དམར་ཅི་རིགས་བཞད་པ། རི་སྐྱེས་དང་ལྡུམ་རར་བཏབ་པ་ཡོད་པ་དེ་ལའང་པད་མ་ཟེར།
Example ལྡུམ་རའི་ནང་པད་མའི་ས་བོན་བཏབ་ལྟ་བུ།

{{#arraymap:པད་མ་

|; |@@@ | | }}

པད་མ་ (4)
Part of speech མིང་ཚིག
Definition མགོ་ལོག་ཁག་གསུམ་གྱི་ཡ་གྱལ་པད་མ་འབུམ་གྱི་བསྡུས་མིང་ལ་པད་མ་ཟེར།

{{#arraymap:པད་མ་

|; |@@@ | | }}

པད་མ་ (5)
Part of speech མིང་ཚིག
Definition མོ་མཚན་ཏེ། དབྱིབས་པད་མ་དང་འདྲ་བས་སོ། །
Type མངོན་བརྗོད།

{{#arraymap:པད་མ་

|; |@@@ | | }}