35020
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཁན་སློབ་ཆོས་གསུམ་གྱི་ནང་གསེས། སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ནི་ཨོ་རྒྱན་གྱི་ཡུལ་དུ་འཁྲུངས། རྒྱལ་པོ་ཨིནྡྲ་བོ་དྷིས་སྤྱན་དྲངས་ཏེ་པད་མ་འབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ། ཟ་ཧོར་གྱི་ཡུལ་དུ་བྱོན་ནས་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང། མཚན་ཤཱཀྱ་སེང་གེར་གྲགས། རིག་འཛིན་ཆེན་པོ་བརྒྱད་ལས་སྒྲུབ་པ་སྡེ་བརྒྱད། སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ། ཤྲི་སེངྷ་ལས་རྫོགས་ཆེན་གཙོ་བོར་གྱུར་པའི་མདོ་རྒྱུད་ཀྱི་གནས་མཁས་པར་སྦྱངས། ཟ་ཧོར་དང་ཨོ་རྒྱན་གྱི་ཡུལ་རྣམས་སུ་གདུལ་བྱ་རྣམས་ཆོས་ལ་བཀོད། མཚན་པད་མ་རྒྱལ་པོར་གྲགས། དུས་རབས་བརྒྱད་པའི་དཀྱིལ་ཙམ་ལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་དུ་སྤྱན་དྲངས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། བོད་ཕྲུག་ཤེས་རབ་ཅན་རྣམས་ལ་ལོ་ཙཱ་བསླབས། འཕགས་ཡུལ་ནས་པན་ཆེན་བི་མ་མི་ཏྲ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་མང་པོ་གདན་དྲངས། མདོ་སྔགས་ཀྱི་བཀའ་དང་བསྟན་བཅོས་གཙོ་ཆེ་བ་བོད་སྐད་དུ་བསྒྱུར། མངའ་བདག་རྒྱལ་པོ་དང༌། ཡེ་ཤེས་མཚོ་རྒྱལ་སོགས་ལས་ཅན་གྱི་སྐྱེས་བུ་རྣམས་ལ་བཀའ་བརྒྱད་དང་། རྡོ་རྗེ་ཕུར་བ་མན་ངག་ལྟ་ཕྲེང་སོགས་གསང་སྔགས་ཀྱི་ཆོས་ཀྱིས་སྨིན་པར་མཛད། རྒྱུ་མཚན་ཉིད་ཀྱི་ཐེག་པའི་བཤད་གྲྭ་དང༌། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོམ་གྲྭ་བཙུགས། རབ་བྱུང་ངུར་སྨྲིག་གི་སྡེ་དང༌། གོས་དཀར་ལྕང་ལོའི་སྡེ་ཞེས་དགེ་འདུན་གྱི་སྡེ་གཉིས་དར་རྒྱས་སུ་བཏང་། མཐར་ལྷོ་ནུབ་རྔ་ཡབ་གླིང་དུ་བྱོན་ནས་སྲིན་པོའི་རྒྱལ་པོ་རཀྵ་ཐོད་ཕྲེང་རྩལ་ཞེས་སུ་གྲགས། |
Domain | ཆོས་ལུགས། |
Synonyms | ཤཱཀྱ་སེང་གེ། པད་མ་རྒྱལ་པོ། མཚོ་སྐྱེས་རྡོ་རྗེ། ཨུ་རྒྱན་རིན་པོ་ཆེ། |
{{#arraymap:པད་མ་འབྱུང་གནས་
|; |@@@ | | }}