35071
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ནང་ཆེན་ཚེས་བཅུ་དགོན་དང་ཉེ་བའི་པདྨ་ཁྱུང་རྫོང་བཙུན་དགོན་འདི་ནི། སྔར་མཚམས་ཁང་ཞིག་ཆགས་པའི་ཤུལ་ཙམ་ཡོད་པར་གྲགས་ཅིང་། བསྟན་པ་ཡང་དར་གྱི་སྐབས་སུ་ཀུན་གཟིགས་ཨ་ལྡེའུ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པའི་གཅུང་ཚུལ་ཁྲིམས་རྒྱལ་མཚན་མཆོག་ནས། དབེན་གནས་དེ་གར་ད་ལྟའི་བཙུན་དགོན་འདི་ཕྱག་བཏབ། རིམ་བཞིན་ཀུན་གཟིགས་ཨ་ལྡེའུ་རིན་པོ་ཆེས་གཟིགས་སྐྱོང་ཚད་མེད་གནང་བ་མ་ཟད། ཨ་ལྡེའུ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པའི་གཟིམ་ཆུང་སོགས་ཀྱང་མཇལ་རྒྱུ་ཡོད། དེང་སྐབས་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་གང་ཐད་ཕུན་སུམ་ཚོགས་ཙམ་ཡོད་འདུག |
{{#arraymap:པདྨ་ཁྱུང་རྫོང་བཙུན་དགོན་
|; |@@@ | | }}