35115
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | པདྨ་སྤུངས་པའི་མཆོད་རྟེན་ནི། སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་དུས་རང་བྱུང་དུ་བྱོན་པར་གྲགས་པའི་མཆོད་རྟེན་ཞིག་སྟེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། ཤིང་ཕོ་བྱི་བའི་ལོའི་དབྱར་ཟླ་ར་བའི་ཉའི་ནངས་པར་སྐྱ་རེངས་ཤར་ཙམ་ན་ལུམྦི་ནིའི་ཚལ་དུ་བླག་ཤའི་ཤིང་ལ་སྐུ་བརྟེན་ནས་བཤང་བའི་གནས་སྤངས་པའི་ཕྱིར་རྩིབ་མའི་གོ་བར་གཡས་པ་ནས་ན་བཟའ་དང་བཅས་པ་བྱོན་ཏོ། །ཕྱོགས་བཞིར་གོམ་པ་བདུན་བདུན་བོར་ཅིང་དམ་བཅའ་རེ་མཛད་པའི་རྗེས་ལ་ཡུམ་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པའི་རྟགས་སུ་ཞབས་རྗེས་ལ་པདྨ་བདུན་བདུན་སྐྱེས་སོ། །དེའི་དུས་སུ་པདྨ་སྤུངས་པའི་མཆོད་རྟེན་རང་བྱུང་དུ་བྱོན་ཏོ། །ཞེས་གསུངས། |
{{#arraymap:པདྨ་སྤུངས་པའི་མཆོད་རྟེན་
|; |@@@ | | }}