35607

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
པུ་རུ་ཥ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྐྱེས་བུའི་སྐད་དོད་རྒྱ་གར་གྱི་སྐད། སྔར་དུས་སུ་དུས་ཚོད་ཞིབ་པར་བརྟག་པ་ལ་དེང་སྐབས་བཞིན་སྟབས་བདེ་བའི་ཆུ་ཚོད་མེད་པས་ཐུར་མ་སོགས་ཀྱི་གྲིབ་ཚོད་ལ་བརྟག་ནས་ནམ་ཚོད་འཛིན་པ་ཡིན། འདུལ་བའི་ལུགས་ལ་གྲིབ་ཚོད་ལ་ཐ་སྙད་འདོགས་ཚུལ་སོགས་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བདུན་པ་གྲིབ་ཚོད་ཡོད་དེ། སྐྱེས་བུའི་ཐ་སྙད་དུ་བྱས་པའི་གྲིབ་ཚོད་བརྗོད་པ་དང། རྐང་པའི་ཐ་སྙད་དུ་བྱས་པའི་གྲིབ་ཚོད་བརྗོད་པ་གཉིས་སུ་ཡོད་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། ཐུར་མ་སོར་བཞིས་འཇལ་བའི་གྲིབ་མ་སོར་བཞིའི་ཆ་ལ་སྐྱེས་བུ་དང་། གྲིབ་མ་སོར་གཅིག་ལ་རྐང་པའི་ཐ་སྙད་བྱ་བ་ཡིན་པའི་ཕྱིར། སོར་བཞིའི་ཆ་དེ་ལ་སྐྱེས་བུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ་ནུས་ལྡན་ལ་འཇུག་ཅིང་། སོར་བཞི་པོ་དེ་གྲིབ་མ་བསྐྱེད་པའི་ནུས་པ་དང་ལྡན་པའི་ཕྱིར། དེ་ལྟར་བཏགས་པའི་དགོས་པ་ཡོད་དེ། རྐུ་ཐབས་སུ་ཞུགས་པ་སྤང་པའི་ཆེད་དུ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།