35643
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་བཅུ་གཉིས་སྡེ་རྣམས་པུ་ཤེལ་ཙིས་སྐྲ་ཤད་པ་ན་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་འདིས་ཅི་བྱེད། དེ་དག་གིས་སྨྲས་པ། སྐྲ་མ་འཛིངས་པར་བསྐྱེད་མོད། ཁྱེད་ཅག་ནི་སྐྲ་བསྐྱེད་པ་མ་ཡིན་གྱི། ཉོན་མོངས་པ་བསྐྱེད་དོ་ཞེས་སྨྲས་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །དགེ་སློང་མས་སྐྲ་མ་འཛིངས་པར་ལེགས་པར་བཅོས་པའི་ཕྱིར་པུ་ཤེལ་ཙིས་སྐྲ་ཤད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །པུ་ཤེལ་ཙི་ནི་མའི་སོ་སོ་ཐར་པའི་འགྲེལ་པ་ལས་དྲེས་མའི་རྩ་བ་ལས་བྱས་པའོ་ཞེས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། སྐྲ་བཅོས་པའི་ཕྱིར་པུ་ཤེལ་རྩིས་སྐྲ་ཤད་པ་འཆོས་པ་སྟེ། འཆོས་པ་ལས་གྱུར་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |