35697
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་རྒྱུས་པ་འདྲ་བ་ཅུང་སྦོམ་ལ་རིང་བ་རུལ་བའི་རྣམ་པ་ཅན། རྩྭ་ཕྲན་མེད་པའམ་ཡང་ན་ཉུང་ལ་མཁྲེགས་ཤིང༌། ཕྱི་ངོས་སུ་དྲ་བ་ལྟ་བུའི་རྩ་རིས་ཕྲ་ལ་གསལ་བ་དང༌། ལོ་མ་སྔོ་ལ་མཐུག་ཅིང་སྤུ་དཀར་ལྡན་པ། རྒྱབ་སྐྱ་ལ་ཉག་ཆེན་རྩེ་རྣོ་ཞིང་ངར་པ་རིང་བ་སྒྲོ་དབྱིབས་འདྲ་བ་དང༌། མེ་ཏོག་ཟིང་དཀར་འདབ་མ་ཕྲ་ལ་མང་བ་ཉ་ཁྲབ་ལྟ་བུས་བཏུམ་པ་ཆུན་པོ་བཅོ་ལྔ་ཙམ་ཡོད་པ་ལོ་མ་རྣམས་ཀྱི་དཀྱིལ་ནས་འཆར་ཞིང༌། མེ་ཏོག་ནས་ཟིལ་པ་འབྱར་རྩི་ཅན་ཞིག་བབ་པར་སི་ལ་ཞེས་ཟེར། སྤྱིར་ན་མ་ནུ་པ་ཏྲ་དང་ཁྱད་པར་ཆེར་མེད་པ་སྟེ། ཆབ་མདོ་ས་ཁུལ་དང༌། འཇོ་མདའ། ཀོང་པོ་སྨན་གླིང་སོགས་ཀྱི་རི་ལྡེབས་ཀྱི་རྩྭ་གསེབ་ལས་སྐྱེ་བ་མང་བ་དང༌། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་རུལ་པ་རྣམས་དོར་ཞིང་གཏུབ་ནས་བསིལ་སར་བསྐམས་ཏེ་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་ཡང་ཞིང་རྩུབ་ལ་བསིལ་བས་བད་ཚད་དང་ཕོ་ཚད་རྒྱས་པ། སྨུག་པོའི་ནད། རྩིབ་ལོགས་ཀྱི་གཟེར་སོགས་ལ་ཕན། དེ་མིན་ལུས་ཤ་སྐམ་པོ་རྣམས་རྒྱས་པར་བྱེད་པ་ཡིན། |
| Foreign | རྒྱ་གར། |