36869

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕན་ཚུན་སྤངས་པའི་འགལ་དམིགས་ཀྱི་གྲངས་ངེས་ (1)
Part of speech མིང་ཚིག
Definition གྲངས་ངེས་ནི། དེ་ལ་གཉིས་སུ་གྲངས་ངེས་པ་ནི་དངོས་པོའི་གྲངས་ངེས་མ་ཡིན་ཏེ། སྒྲ་ཆོས་ཅན། རྟག་པ་མ་ཡིན་ཏེ། བྱས་པའི་ཕྱིར། ཞེས་པ་ལྟ་བུ་དེ་གཉིས་སུ་མ་འདུས་པ་མཐའ་ཡས་པ་ཡོད་པའི་ཕྱིར་རོ། །དེས་ན་དགོས་པ་ལ་ལྟོས་པའི་གྲངས་ངེས་ཡིན་ཏེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྗེས་ཁྱབ་བསྒྲུབ་པའི་ཆེད་དུ་སྔ་མ་དང་། རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་ཙམ་བསྒྲུབ་ནུས་ཀྱི་འབྱུང་ངེས་སུ་བསྒྲུབ་མི་ནུས་སོ། །ཞེས་ཤེས་པའི་ཆེད་དུ་གཉིས་པ་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས།
Domain ཚད་མ།