36890

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕན་ཡོན་མཐོང་ནས་དགོན་པ་གནས་པ་མི་བཏང་བ་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། བདག་གི་ཉམ་རངས་དང༌། བདག་གི་དབང་དུ་འགྲོ་བ། ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ། མལ་ཆ་ལྷུག་པར་གཏོང་བ་དང་དགོན་པའི་གནས་ལ་དགའ་བ་དང་མ་བྲལ་བ། གནས་རྣམས་སུ་དོན་ཉུང་ཞིང་བྱེད་པ་ཉུང་བ། གཡོག་གི་ཚོགས་འདོར་ཞིང་ལུས་དང་སྲོག་ལ་མི་ལྟ་བ། དབེན་པར་གནས་ཤིང་འདུ་འཛི་ཡོངས་སུ་གཏང་བ། ལས་བྱས་པའི་ཡོན་ཏན་གྱི་ཕན་ཡོན་ཡོངས་སུ་གཏང་བ། ཏིང་ངེ་འཛིན་དང་མཐུན་པའི་སེམས་རྩེ་གཅིག་པ། ཡིད་ལ་བྱེད་པ་བླ་གབ་མེད་པ། ཡིད་ལ་བྱེད་པའི་སྒྲིབ་པ་མེད་པའོ། །
Domain ཆོས་ལུགས།