36955
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྡོམ་གསུམ། ཕ་རོལ་ཕྱིན་པའི་གཞུང་ལུགས་ལས། །བླ་མ་སངས་རྒྱས་ལྟ་བུ་རུ། །བལྟ་བར་བྱ་ཞེས་གསུངས་མོད་ཀྱི། །སངས་རྒྱས་དངོས་སུ་གསུངས་པ་མེད། །ཅེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། འཇམ་དཔལ་རྣམ་པར་འཕྲུལ་པ་ལས། འཇམ་དཔལ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་ཇི་ལྟར་གུས་པར་བྱ་བ་དེ་བཞིན་དུ་དགེ་བའི་བཤེས་གཉེན་རྣམས་ལའང་བརྟེན་པར་བྱའོ། །ཞེས་པ་ལ་སོགས་དམ་པའི་ཆོས་ཀྱིས་འབྲེལ་པའི་མཁན་པོ་དང་སློབ་དཔོན་ལ་སོགས་པ་ལ། རྫོགས་པའི་སངས་རྒྱས་ལ་སྒོ་གསུམ་གུས་པས་བཀུར་སྟི་བྱེད་པ་ལྟར་བསྟེན་པར་གསུངས་ཤིང་། ལུགས་ཀྱི་བསྟན་བཅོས་ཙ་ཎ་ཀར། བླ་མ་གང་ཞིག་ཡི་གེ་གཅིག ། སྟེར་ལ་ཕྱག་ནི་མ་བྱས་ན། །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ནས། རྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་འབྱུང་བས་ཆོས་ཀྱི་འབྲེལ་པ་ཡོད་པ་ལའང་གུས་པར་བྱའོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིིན་པའི་བླ་མ་ནི་བཟང་ན་དགེ་འདུན་དཀོན་མཆོག་ཡིན་ཏེ། མཆོག་གི་སྤྲུལ་སྐུ་ལྟ་བུ་ཡང་མཐར་ཐུག་གི་དགེ་འདུན་དཀོན་མཆོག་གི་ཁོངས་སུ་འདུ་ཞིང། བྱང་སེམས་འཕགས་པ་ཡིན་ན་རྒྱུད་བླ་མ་ནས་བཤད་པའི་དགེ་འདུན་དཀོན་མཆོག་ཡིན་དགོས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཕར་ཕྱིན་ཐེག་པའི་བླ་མ་
|; |@@@ | | }}