37237

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕུན་སུམ་ཚོགས་པ་ལྔ་ཡི་བོན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། སྟོན་པ་ཕུན་སུམ་ཚོགས་པ། གནས་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པ། དུས་ཕུན་སུམ་ཚོགས་པ། བོན་ཕུན་སུམ་ཚོགས་པ་དང་ལྔ་སྟེ། ཀུན་འབྱུང་དབྱིངས་དག་ལས། ཕུན་སུམ་ཚོགས་པ་ལྔ་ཡི་བོན་ཏེ། སྟོན་པ། གནས། འཁོར། དུས། བོན་དང་ལྔ། ཞེས་གསུངས་སོ། །དེ་ཡང་སྟོན་པ་ཕུན་སུམ་ཚོགས་པ་འཆི་མེད་གཙུག་ཕུད་ནི། སྐུ་གསུང་ཐུགས་ལྡན་ཡོན་ཏན་འཕྲིན་ལས་རྫོགས། འཆི་བ་མེད་པ་ནི་བདུད་བཞི་བྲལ། ཞེས་དང་། གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། འཛམ་བུ་གླིང་གི་འོག སྟག་གཟིགས་ཡུལ་གྱི་དབུས། བསྟན་པ་ལ་གཞན་གྱིས་མི་འཇིག་པ། འདོད་དགུའི་རིན་ཆེན་གྲམ་པར་ལྷོག་པ་ལ། བདེ་བར་གཤེགས་པའི་བྱིན་གྱིས་རླབས་པ། སྟོན་པ་ཞབས་ཀྱིས་བཅག་གིན་མངའ་གསོལ་བ། བཀྲ་ཤིིས་ལྷ་དང་ཀླུ་དཀར་པོའི་འདུ་གནས། བདུད་སྲིན་གདོན་བགེགས་ཚར་གཅོད། ཉམས་དགའ་བསྒྲུབ་ལ་རྟག་ཏུ་འཕེལ། མེ་ཏོག་དང་འབྲས་བུ་སྐྱེས་སྨིན་རྒྱས། དབྱར་བསིལ་དགུན་དྲོ་ཤར་དམའ། ནུབ་མཐོ་ལ་གངས་རི་ཆགས་པ། གནས་དེར་སྐྱེས་པ་ཐམས་ཅད་སྡུག་བསྔལ་ལས་ཐར་རོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། ཐུན་མོངས་འཁོར་དང་ཐུན་མོངས་མ་ཡིན་འཁོར། དེའི་ཐུན་མོངས་འཁོར་ནི། གནོད་སྦྱིན་ཤ་ཟན་སྲིན་པོ་དང་། མིའམ་ཅི་དང་ལྟོ་ཕྱེ་དང་། དྲི་ཟ་མཁའ་འགྲོ་འབྱུང་བོའོ། ཡང་ན་དྲང་སྲོང་ཕོ་མོ་དང་། དགེ་བསྙེན་ཕོ་མོ་དང་། བསྙེན་གནས་ཕོ་མོའི་འཁོར་རོ། །ཐུན་མོངས་མ་ཡིན་པའི་འཁོར་ནི། སྙིང་རྗེ་རྒྱུ་སྐྱེས་དང་། བྱང་ཆུབ་སེམས་དཔའ་དང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། སེམས་དཔའ་ཆེན་པོོ་དང་། རྒྱུ་ཡི་བྱང་ཆུབ་སེམས་དཔའ་དང་། འབྲས་བུའི་བྱང་ཆུབ་སེམས་དཔའ་དང་། བར་ལྷ་འོད་གསལ་གཡུང་དྲུང་སེམས་དཔའ་བཞི་དང་། ཞུ་གསོལ་མངའ་བདག་བོན་པའོ། །ཞུ་བ་འཆི་མེད་གཙུག་ཕུད། མངའ་བདག་གསང་བ་འདུས་པ། བོན་པོ་ཡོངས་སུ་དག་པས་སྤྲོས། བཀའ་མུ་ཆོ་ལྡེམ་དྲུག་ལ་བབས། དུས་གསུམ་བདེ་གཤེགས་དབང་བསྐུར་པ། འཆི་མེད་གསང་འདུས་འདུས་པའི་འཁོར། བཞི་པ་དུས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འཁོར་རྣམས་ལ་བྲེལ་ཕུལ་ཕྱེས་ནས་བོན་སྟོན་པ། སྟོན་པ་དང་འཁོར་རྣམས་འཛོམ་པ། དུས་ཚེ་ལོ་བརྒྱ་བའི་སྟོད། ལོ་ཤིང་ཕོ་སྟག་གི་དུས། ཟླ་བ་སྟོང་དང་པོའི་དུས། ཉི་མ་སྔ་དྲོ་དང་པོའི་དུས། དུས་དེ་རྣམས་བོན་གྱི་དབུ་བཙུག སྟོན་པ་ཡང་ཞལ་ཤར་དུ་གཟིགས། མཆོད་པ་འདོད་ཡོན་ལྔ་བཤམས། མཆོད་ཕུལ་སྐུ་གསུང་ཐུགས་བསྟོད་ན། ཞུ་གསོལ་ལེན་གསུམ་ཕུལ་བའི་དུས། དུས་ལངས་མ་འཛོལ་བསྟན་པ་དར་རྒྱས་དུས། དེས་ན་གཤེན་པོ་རྗེས་འཇུག་རྣམས་ཀྱང་། དུས་ལ་མ་ཡོལ་མཛད་པར་བྱའོ། །འབྱུང་བ་འདུས་བྱས་རྟེན་འབྲེལ་འཛོམ་དུས་བོན་བསྟན་པ་དར་རྒྱས་རིམ་པར་འཕེལ་ལོ། །ལྔ་པ་བོན་ཕུན་སུམ་ཚོགས་པ་ནི། གཤེན་རབ་བསྟན་པའི་བོན་འབྱུང་བ། རྒྱལ་པོ་དམུ་ཡི་རིགས་འབྱུང་དམུ་རྒྱལ་ཐེམ་སྐས། སྟོན་པ་སྡེ་སྣོད་ཐ་དད་འདུལ་བྱར་བོན། གཤེན་འགྲོ་དྲུག་དོན་ལ་མི་གཡེལ་བ། རབས་མི་རབས་ལྷ་རབས་གདུང་རབས་དང་། རི་རབས་ལ་སོགས་ལོ་རྒྱུས་རབས་འབྱུང་བ། སྐུ་ལུས་མི་འབྱུང་མཚན་དཔེར་ལྡན་པའོ། །
Domain ཆོས་ལུགས།