From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཕོ་དབང་ (1)
| Part of speech
|
མིང་ཚིག
|
| Definition
|
ཕོའི་དབང་པོ་ཞེས་པའི་ཚིག་བསྡུས་པ་སྟེ། མི་དང་སྲོག་ཆགས་ཕོའི་སྐྱེ་རྒྱུན་སྤེལ་བྱེད་ཀྱི་དབང་པོའི་མིང་། དེ་ཡང་ཕོ་རྟགས་དང་། རླིག་རིལ། ཁམས་དཀར་གྱི་སྣོད་སོགས་འདུས་པའི་དབང་པོའི་སྤྱི་མིང་ཡིན།
|
ཕོ་དབང་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། གང་ཟག་སོ་སོ་ཕོར་མཚོན་པར་བྱེད་པ་ལ་ལྷག་པར་དབང་བྱེད་པའི་དབང་པོ་ཞིག་ལ་ཕོ་དབང་ཞེས་བརྗོད། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། རང་རྒྱུད་ལྡན་གྱི་གང་ཟག་གཙོ་བོར་ཕོར་མཚོན་པར་བྱེད་པའི་མཚོན་བྱེད་ཐུན་མོང་མ་ཡིན་པའི་དབང་པོ། ཕོ་དབང་གི་མཚན་ཉིད། ཕོ་དང་ཕོ་དབང་འགལ་ཞིང། མོ་དང་མོ་དབང་འགལ་བ་ཡིན་ཏེ། ཕོ་མོ་གང་རུང་ཡིན་ན། གང་ཟག་ཡིན་པས་ཁྱབ། ཕོའི་དབང་པོ་དང་མོའི་དབང་པོ་གང་རུང་ཡིན་ན་ལུས་དབང་ཡིན་པས་ཁྱབ་པའི་ཕྱིར། ཕྱི་མ་དེར་ཐལ། མཛོད་ལས། ལུས་ལས་ཕོ་དང་མོ་དབང་དག །ཅེས་གསུངས་པའི་ཕྱིར། ཕོའི་དབང་པོ་དང་ཕོའི་མཚན་མ་འགལ་ཞིང། མོའི་དབང་པོ་དང་མོའི་མཚན་མ་འགལ་བ་ཡིན་ཏེ། ཕོའི་མཚན་མ་ཕོའི་དབང་རྟེན་དང་། མོའི་མཚན་མ་མོའི་དབང་རྟེན་ཡིན་པ་གང་ཞིག དབང་པོ་སོ་སོ་དང་དབང་རྟེན་སོ་སོ་འགལ་བའི་ཕྱིར། ཞེས་གསུངས།
|
| Domain
|
ཆོས་ལུགས།
|