37469

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:52, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕོ་རོག་མིག་ (1)
Part of speech མིང་ཚིག
Definition བྱ་རོོག་ཉུང་མ་དང་དོན་གཅིག ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ལ་ཕུག་འདྲ་བའི་ཕྱི་པགས་ཀྱི་སྟོད་ཆ་དམར་པོ་ཉ་ཁྲབ་ལྟ་བུ་དང༌། སྨད་ཆ་ནག་པོས་བཏུམ་པ་ནང་མདོག་དཀར་པོ་རོ་མངར་བ། ལོ་མ་སྔོན་པོ་མཐུག་ཅིང་ཉག་ཆེན་ལབ་ལོའི་དབྱིབས་སམ་སྒྲོ་དབྱིབས་ཅན་རྒྱབ་དཀར་ཞིང་། པདྨའི་དབྱིབས་ས་ལ་བགྲད་དེ་སྐྱེ་བའི་ངར་པ་ཐུང་ལ་དམར་བ། མེ་ཏོག་ཟིང་སྐྱ་པདྨ་ལྟ་བུའི་ལོ་མ་རྣམས་ཀྱི་དབུས་ནས་སྲོལ་གོང་སྨུག་པོའི་མེ་ཏོག་ལྟར་ཚོམ་བུར་འཆར་ཞིང་། སྨིན་ཚེ་བྱ་སྤུ་ནམ་མཁར་འཕུར་བའི་ས་བོན་སེར་སྐྱ་ཟར་མ་འདྲ་བ་ཡོད་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་བྱེ་ཤས་ཆེ་བའི་རི་ལྡེབས་དང༌། སྐམ་ཤས་ཆེ་བའི་བྱེ་སར་སྐྱེ་བ་མང་། རྩྭ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་བདུན་པའི་ནང་བཏུས་ཏེ། གཙང་མ་བཀྲུས་རྗེས་མ་རུལ་བར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཁ་ཞིང་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་རྩུབ་ཅིང་རྣོ་བས་འབྲས་ནད་སེལ་བར་བྱེད།
Domain གསོ་རིག
ཕོ་རོག་མིག་ (2)
Part of speech མིང་ཚིག
Definition སྐེ་སྟོང་ཙ་ར་ཁུང་ནས་ཐུར་དུ་ཚོན་དོ་དང་སོར་གང་བཅལ། དེ་ནས་གཡས་གཡོན་དུ་ཚོན་རེ་ཕུན་རེ་བཅལ་བའི་སར་གནས་པའི་མེ་བཙའ་དང་ཐུར་མའི་གསང་དམིགས་ཤིག་སྟེ། དེར་མེ་བཙའ་བཞག་ན་ཁྲག་ཚད་སྐྱེས་པ་དང༌། ཁྱད་པར་དབུགས་ཐུང་བ་ལ་ཕན།