38012

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་དུ་ཕྱེ་བའི་དང་པོ་སྟེ། འདི་ལའང་ནང་གསེས་སུ་རྣམ་པར་ཕྱེ་བས་ཆོས་སྡེ་ཉི་ཤུར་གསུངས་ཏེ། བཀའ་བརྒྱད་རྣམ་བཤད་ལས། དང་པོ་ལ་བཞི་སྟེ། ཕྱིའི་སྡོམ་ལྔ། རྒྱུད་ཀྱི་ཆིངས་ལྔ། ལུང་གི་སྡེབས་ལྔ། སྒྲུབ་ཐབས་ཀྱི་སྦྱོར་སོ་ལྔ་སྟེ། ཆོས་སྡེ་ཉི་ཤུ་ཡོད་པ་ལས། ཕྱིའི་སྡོམ་ལྔ་ནི། གསང་སྔགས་ལུང་གི་བང་མཛོད། གསང་སྔགས་བཀའ་ཡི་ཐ་རམ། གསང་སྔགས་བཀའ་ཡི་ལྡེའུ་མིག གསང་སྔགས་ལུང་གི་བཀའ་མགོ སྒྲུབ་པ་ལུང་གི་བཀའ་མགོ་དང་ལྔའོ། །རྒྱུད་ཀྱི་ཆིངས་ལྔ་ནི། ཁོག་དབུབ་སྟོང་ཐུན་གྱི་ཆིངས། ས་གཅོད་ཚོམ་གྱི་ཆིངས། འགྲེལ་པ་འབྲུ་གནོན་གྱི་ཆིངས། ཊཱིཀཱ་བསྡུས་དོན་གྱི་ཆིངས། ལག་ལེན་མན་ངག་གི་ཆིངས་དང་ལྔའོ། །ལུང་གི་སྡེབས་ལྔ་ལ། རྒྱུད་ལུང་དང་སྡེབས་པ། ལུང་སྒྲུབ་ཐབས་དང་སྡེབས་པ། སྒྲུབ་ཐབས་ཕྲིན་ལས་དང་སྡེབས་པ། ཕྲིན་ལས་ལག་ལེན་དང་སྡེབས་པ། ལག་ལེན་ཉམས་མྱོང་དང་སྡེབས་པ་ལྔའོ། །སྒྲུབས་ཐབས་ཀྱི་སྦྱོར་ལུགས་ལྔ་ནི། རྩ་བ་སྒྲུབ་ཐབས་དང་སྦྱོར་བ། སྒྲུབ་ཐབས་ཕྲིན་ལས་དང་སྦྱོར་བ། ཕྲིན་ལས་སྒོམ་ཁོག་དང་སྦྱོར་བ། སྒོམ་ཁོག་ཏིང་ངེ་འཛིན་དང་སྦྱོར་བ། ཏིང་ངེ་འཛིན་གདམས་པ་དང་སྦྱོར་བ་ལྔའོ། །ཞེས་གསུངས།
Domain ཆོས་ལུགས།