38119

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྱི་རྒོལ་ (1)
Part of speech མིང་ཚིག
Definition ཕྱི་ལོགས་ནས་ཡོང་བའི་གནོད་པ་བྱེད་མཁན་གྱི་དགྲ།
Example ཕྱི་རྒོལ་ཕམ་པར་བརྒྱབ་ནས་གཟེངས་རྟགས་ཐོབ། ཕྱི་རྒོལ་རྒྱལ་ནང་དུ་འཛུལ་བ།
ཕྱི་རྒོལ་ (2)
Part of speech མིང་ཚིག
Definition ཕྱིའི་དགྲ་བོས་ཚུར་རྒོལ་བ་བྱེད་པའི་དོན།
Example དགྲ་བོས་ཕྱི་རྒོལ་སྐབས་ཡ་ལན་སྤྲོད་དགོས། ཕྱི་རྒོལ་གྱི་དམག་འཐབ་སྐབས་ཤི་རྨས་མང་ཙམ་བྱུང་ལྟ་བུ།
ཕྱི་རྒོལ་ (3)
Part of speech མིང་ཚིག
Definition སྔ་རྒོལ་གྱིས་སྒྲུབ་བྱེད་བཀོད་པ་ལ་སུན་འབྱིན་བརྗོད་པར་ཁས་ལེན་པའི་རྒོལ་བ་ཞིག་ལ་ཕྱི་རྒོལ་ཞེས་བྱ་ལ། དེ་ལ་དབྱེ་ན་ཕྱི་རྒོལ་ཡང་དག་དང་ལྟར་སྣང་གཉིས་ཡོད་པ་ཡིན་ཏེ། དགའ་བྱང་ཡིག་ཆ་ཡོངས་འཛིན་བསྡུས་གྲྭ་ལས། ཕྱི་རྒོལ་གྱི་མཚན་ཉིད་ཡོད་དེ། རྒོལ་བ་གང་ཞིག སུན་འབྱིན་བརྗོད་པར་ཁས་ལེན་པའི་གང་ཟག་དེ་དེ་ཡིན་པའི་ཕྱིར། དེ་ལ་དབྱེ་ན་ཡང་དག་དང་། ལྟར་སྣང་གཉིས་ཡོད་པའི་ཕྱིར། ཞེས་གསུངས་པ་དང་། ཚད་མ་རིགས་རྒྱན་ལས་ཀྱང་འདི་ལྟར་གསུངས།
Domain ཚད་མ།
Antonyms སྔ་རྒོལ།