38313

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྱིར་མི་འོང་ཞུགས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། གཙོ་བོ་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་བརྩོན་ཞིང་འཕགས་ལམ་ཐོབ་ནས་སླར་ཡང་ལས་ཉོན་གྱི་དབང་གིས་འདོད་པར་ཕྱིར་མི་འོང་བའི་གང་ཟག་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གཙོ་བོར་ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་འཕགས་པའི་གང་ཟག་དེ་ཕྱིར་མི་འོང་ཞུགས་པའི་འཇོག་བྱེད། དེ་ལ་དབྱེ་ན། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་ཞུགས་པ་དང། འབྲས་བུ་ཐོད་རྒལ་བའི་ཕྱིར་མི་འོང་ཞུགས་པ་གཉིས། དང་པོ་དང་རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་དུ་སོང་བའི་ཕྱིར་མི་འོང་ཞུགས་པ་དོན་གཅིག གཉིས་པ་དང་ཆགས༌བྲལ་སྔོན་སོང་གི་ཕྱིར་མི་འོང་ཞུགས་པ་དོན་གཅིག ས་མཚམས་ནི། དང་པོ་འཇིག་རྟེན་པའི་སྒོམ་སྤང་དུ་གྱུར་པའི་འདོད་ཉོན་བདུན་པའི་དངོས་གཉེན་ལ་གནས་པ་ནས་འདོད་ཉོན་དགུ་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པའི་བར་ན་ཡོད། གཉིས་པ་ནི། ཐེག་དམན་གྱི་མཐོང་ལམ་བཟོད་པ་བརྒྱད་ལ་གནས་པའི་བར་ན་ཡོད། ཅེས་གསུངས།
Domain ཆོས་ལུགས།
ཕྱིར་མི་འོང་ཞུགས་པ་ (2)
Part of speech མིང་ཚིག
Definition ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་སྦྱོར་བ་རྒྱུན་ཆགས་ལ་གནས་པའི་རབ་ཏུ་ཕྱེ་བའི་གང་ཟག་གོ །དེ་ལ་འབྲས་བུ་ཐོད་བརྒལ་བའི་ཕྱིར་མི་འོང་ཞུགས་པ། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང༌། དེ་གཉིས་མ་ཡིན་པའི་ཕྱིར་མི་འོང་ཞུགས་པ་དང་གསུམ། དང་པོ་ལ་དབང་རྟུལ་དད་པའི་རྗེས་འབྲང་དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས་ཡོད། གཉིས་པ་དང་གསུམ་པ་ལ་དད་མོས། མཐོང་ཐོབ་གཉིས་གཉིས་ཡོད། དང་པོ་ནི། རྒྱུན་ཞུགས་ཀྱི་འབྲས་བུ་མ་ཐོབ་པ། གཉིས་པ་ནི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ། གསུམ་པ་ནི་རྒྱུན་ཞུགས་ཀྱི་འབྲས་བུ་མ་ཐོབ་ཅིང་ཕྱིར་འོང་གི་འབྲས་བུ་ཐོབ་པ་སྟེ། དཔེར་ན་ཐོད་བརྒལ་བའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་ལྟ་བུའོ། །ཐོད་བརྒལ་བའི་ཕྱིར་འོང་དང་ཕྱིར་མི་འོང་གི་ཞུགས་པ་གཉིས་ནི་སྦྱོར་ལམ་སྟན་ཅིག་པ་ནས་ལམ་རྗེས་བཟོད་ཀྱི་བར་ན་ཡོད། གཞན་གསུམ་ནི་ལམ་རྗེས་ཤེས་ཐོབ་ཟིན་པ་ནས་འདོད་ཉོན་དགུ་པ་སྤོང་བའི་བར་ན་ཡོད།
ཕྱིར་མི་འོང་ཞུགས་པ་ (3)
Part of speech མིང་ཚིག
Definition ཞུགས་པ་བཞི་པོ་གང་རུང་ཡང་ཡིན། ཐ་མའི་ཆ་མཐུན་ལྔ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་སྦྱོར་བ་རྒྱུན་ཆགས་ལ་གནས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། ཕྱིར་མི་འོང་ཞུགས་པའི་མཚན་ཉིད། གཉིས་པ་དེ་ལ་དབྱེ་ན། འབྲས་བུ་རིམ་གྱིས་པའི་དེ་དང་། ཆགས་བྲལ་སྔོན་སོང་གི་དེ་གཉིས། དེ་གང་རུང་ཡང་ཡིན། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདུན་པའི་ཉོན་མོངས་དང་མ་བྲལ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དང་པོའི་མཚན་ཉིད། དེ་གང་རུང་ཡང་ཡིན། དེའི་སྔ་རོལ་དུ་དེ་དང་བྲལ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། གཉིས་པའི་མཚན་ཉིད།