38314

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྱིར་མི་འོང་འཐོབ་བྱེད་དབང་པོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དབང་པོ་ཉི་ཤུ་རྩ་གཉིས་ལས་ཕྱིར་མི་འོང་གི་འབྲས་བུ་འཐོབ་པར་བྱེད་པའི་དབང་པོ་རྣམས་སོ། །དབང་པོ་བདུན་བརྒྱད་དགུས་འཐོབ་པར་བྱེད་དོ། །རིམ་པ་བཞིན་དུ་ཕྱིར་མི་འོང་གི་འབྲས་བུ་མཐར་གྱིས་འཐོབ་ལ། དེ་ཡང་འཇིག་རྟེན་པའི་ལམ་གྱིས་འཐོབ་ན་ནི་དད་སོགས་དབང་པོ་དབང་པོ་ལྔ་དང་བཏང་སྙོམས་ཡིད་དབང་སྟེ་བདུན་གྱིས་འཐོབ་པ་བྱེད་དོ། །འོན་ཏེ་ཕྱིར་མི་འོང་གི་འབྲས་བུ་དེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ན་ནི་གོང་གི་དབང་པོ་བདུན་དང་ཀུན་ཤེས་པའི་དབང་པོ་སྟེ་བརྒྱད་ཀྱིས་འཐོབ་བོ། །ཅི་སྟེ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ཞིག་གིས་འཐོབ་ན་ནི་དབང་པོ་དགུས་འཐོབ་ཏེ། སྔར་གྱི་བརྒྱད་དང་ཀུན་ཤེས་བྱེད་པའི་དབང་པོ་སྟེ་དགུས་སོ། །
Domain ཆོས་ལུགས།