38322

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྱིར་མི་ལྡོག་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བླ་མེད་རྫོགས་བྱང་ཐོབ་པ་ལ་ཐེག་པ་གཞན་དུ་ལྟུང་མི་སྲིད་པས་ན་གང་ཟག་དེ་ལ་ཕྱིར་མི་ལྡོག་པ་ཞེས་བརྗོད་དོ། །པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གཉིས་པ་ཕྱིར་མི་ལྡོག་པའི་དོན་ནི། བསམ་པའི་སྒོ་ནས་རང་ཉིད་འབའ་ཞིག་གི་ཆེད་དུ་ཐར་པ་དོན་དུ་གཉེར་བའི་བསམ་པ་མངོན་གྱུར་སྐྱེ་བའི་གོ་སྐབས་བཅོམ་པ་དང། སྦྱོར་བའི་སྒོ་ནས་ཐབས་ཤེས་ཁྱད་པར་ཅན་གྱི་རྟོགས་པ་བརྟན་པོ་དང་ལྡན་པའོ། །ཞེས་གསུངས། དེ་ལ་དབྱེ་ན། སྤྱོར་ལམ་ཕྱིར་མི་ལྡོག་པའི་རྟགས་ཉི་ཤུ། མཐོང་ལམ་ཕྱིར་མི་ལྡོག་པའི་རྟགས་བཅུ་དྲུག། སྒོམ་ལམ་ཕྱིར་མི་ལྡོག་པའི་རྟགས་བརྒྱད་དེ་སྐབས་འདིར་ཕྱིར་མི་ལྡོག་པའི་རྟགས་ཞེ་བཞི་ཐོབ་པའི་བྱང་སེམས་རྣམས་སོ། །ས་མཚམས། ཐེག་ཆེན་ཚོགས་ལམ་ནས་ས་བཅུ་བའི་བར་དུ་ཡོད།
Domain ཆོས་ལུགས།