38329

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྱིར་མི་ལྡོག་པའི་ཆོས་ལ་ཡང་དག་པར་གཞོལ་བའི་ཆོས་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ། བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པར་བྱེད་ཀྱི་གཞན་གྱི་འཁྲུལ་པ་ལ་མི་རྟོག་པ། སྲོག་གི་ཕྱིར་ཡང་གཞན་དག་ལ་བརྙས་པར་མི་བྱེད་པ། རྙེད་པ་བཀུར་སྟི་ཐོབ་པས་ཀྱང་མཐོ་བར་མི་འཛིན་ལ་མ་ཐོབ་པས་ཀྱང་དམའ་བར་མི་འཛིན་པ། སེམས་ཅན་ཐམས་ཅད་ལ་ཡོན་གནས་ཀྱི་སེམས་སྐྱེད་དེ་སྦྱིན་པ་བྱིན་པ། བགོ་བཤའི་ངང་ཚུལ་ཅན་ཡིན་ཏེ། ཆོས་ལ་སློབ་དཔོན་གྱིས་དཔེ་མཁྱུད་མི་བྱེད་པ། གཞན་གྱི་བདེ་བས་དགའ་བ་ཡིན་ཏེ་ཕྲག་དོག་དང་སེར་སྣ་དང་བྲལ་བ། སྡུག་པ་དང་མི་སྡུག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་འགྱོད་པ་མེད་པ་དང་བརྒྱད་དོ། །
Domain ཆོས་ལུགས།