38335

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:55, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྱིར་མི་ལྡོག་པའི་རྟགས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་གང་ཞིག།རང་གང་ལ་ལྡན་པའི་བྱང་སེམས་གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་སྒྲུབ་ནུས་པ། དབྱེ་ན། སྦྱོར་ལམ། མཐོང་ལམ། སྒོམ་ལམ་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པའི་གཏན་ཚིགས་གསུམ་མོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། རྟགས་ཀྱི་དོན་ལ། ངོ་བོ་ནི་མཉམ་གཞག་དང་རྗེས་ཐོབ་གཉིས་ཏེ། ཕྱིར་མི་ལྡོག་པར་ཡིད་ཆེས་པར་བྱེད་པའི་རྒྱུ་ནི་འདི་གཉིས་ཁོ་ནར་ཟད་པའི་ཕྱིར། མཉམ་གཞག་ནི་རྟགས་སུ་མི་བཟུང་སྟེ། ཅི་ལྟར་གཞན་ཡིད་ཆེས་པར་བྱེད་པ་ཡིན་ཞེས་འབྱུང་བས་སོ་ཞེ་ན། དེས་ནི་གཞན་ངོར་མཉམ་གཞག་ཁོ་ན་རྟགས་སུ་མི་འགྱུར་བར་སྟོན་པ་ཡིན་གྱི་ཐམས་ཅད་དུ་རྟགས་སུ་འགོག་པ་ནི་མ་ཡིན་ཏེ། རང་ངོར་གདོན་མི་ཟ་བར་རྟགས་སུ་འགྱུར་བའི་ཕྱིར། གཞན་གྱིས་ཀྱང་རྗེས་ཐོབ་ཀྱི་མཚན་མ་ལས་མཉམ་གཞག་རྟོགས་ནས་དེ་ལས་ཕྱིར་མི་ལྡོག་པར་ངེས་པའི་ཕྱིར་རོ། །རྟགས་སུ་འགྱུར་བའི་ཚུལ་ལ་རང་བཞིན་དང་། འབྲས་བུའི་རྟགས་སོ། །དང་པོ་ནི། བྱང་ཆུབ་ཀྱི་རྒྱུ་ཚོགས་རྟགས་སུ་བཟུང་ནས་རྣལ་འབྱོར་པའི་སེམས་རྒྱུད་ལ། རྣམ་མཁྱེན་གྱི་ཡེ་ཤེས་འབྱུང་རུང་བསྒྲུབ་པ་སྟེ། རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །ཞེས་སོགས་ཀྱི་ཚུལ་དུ་རུང་བ་ཉིད་ཀྱི་རྗེས་སུ་དཔག་པར་ངེས་པར་བཟུང་བར་བྱའོ་ཞེས་གསུངས་པ་ལྟར་རོ། །བྱང་ཆུབ་ཀྱི་རྒྱུ་ཚོགས་ནི་མཐའ་དག་བསྒྲལ་འདོད་ཀྱི་བསམ་པ་དང་། སྙིང་རྗེ་ཁྱད་པར་ཅན་དང་། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཏེ། རྣམ་མཁྱེན་གྱི་རྒྱུ་ནི་གསུམ་པོ་འདིས་བསྡུས་པའི་ཕྱིར་ཏེ། འཇུག་པ་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཞིང་། །ཞེས་སོགས་སོ། ། འབྲས་བུ་རྟགས་སུ་འགྱུར་ཚུལ་ནི། རྗེས་ཐོབ་ཀྱི་མཚན་མ་ལས་མཉམ་གཞག་གི་རྟོགས་པ་བསྒྲུབ་པ་སྟེ། ས་བཅུ་པ་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། ། ཞེས་པ་ལྟར་རོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།
ཕྱིར་མི་ལྡོག་པའི་རྟགས་ (2)
Part of speech མིང་ཚིག
Definition ཕྱིར་མི་ལྡོག་པའི་དོན་བཤད་པ་ལ། བསམ་པའི་ངོས་ནས་རང་ཉིད་གཅིག་བུའི་ཆེད་དུ་ཞི་བདེ་དོན་གཉེར་གྱི་བློ་མངོན་གྱུར་བ་སྐྱེ་བའི་གོ་སྐབས་བཅོམ་ཞིང༌། སྦྱོར་བའི་ངོས་ནས་གཞན་དོན་དུ་སྒྲུབ་པ་ཉམས་སུ་ལེན་པ་ལ་སྒྱིད་ལུག་པའི་བློ་སྐད་ཅིག་ཙམ་ཡང་མི་སྐྱེ་བས་ཁྱད་པར་དུ་བྱས་པའི་རྟགས་བཞི་བཅུ་རྩ་བཞི་པོ་གང་རུང་གི་རྟོགས་པ་ཐོབ་པ་དེ་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་དོན་དུ་འཇོག་གོ །